|
669 ལ་འཇུག་པ་ནི། སསྟེ་ཏེ་དེ༔ ཞནས༔ བཅས་དང་འཇུག་པ་མཐུན་ཏེ། མཉམ་པར་བཞག་ལ་དེ་ཁོ་ན་ཉིད་ སེམས། ལག་པ་བསྙལ་ལ་ཟས་ཟ། ལྟ་བུ། ས་སྐྱ་ལེགས་བཤད་ལས། གནོད་པར་བྱེད་པ་ཆུང་ངུ་ཡ་ང་། ། མྱུར་དུ་བསལ་ལ་འདུམ་པར་བྱ། །ཡུར་བ་ཆུང་ངུའི་རྗེས་ཞུགས་ནས། །འོད་པ་ཆེན་པོ་མ་མཐོང་ང་ང་མ། ། ལྟ་བུ། (9) ལ་སྒྲ་རྒྱུ་མཚན་ནམ། ཕལ་སྐད་དུ་ཡིན་གཙང་ཞེས་པའི་དོན་ལ་འཇུག་པ་ནི། ས་སྐྱ་ལེགས་ བཤད་ལས། ལེགས་པར་བརྟགས་ནས་བྱས་པ་ཐལ་ཞ། །བྱ་བ་ཉམས་པ་ག་ལ་སྲིད། །མིག་ལྡན་བརྟགས་ ནས་འགྲོ་བ་ན། །གཡང་སར་གོམ་པ་འདོར་རམ་ཅི། །ལྟ་བུ། གཞོན་ནུ་ཟླ་མེད་ལས། བདག་ནི་ཞི་བར་ གནས་པ་ཞལ ། ཁྲོ་བའི་གོ་སྐབས་མ་མཆིས་ཀྱང་། །རྒོལ་བ་ལ་ནི་སྙིང་རྗེ་ཡིས།། སྐྱོང་བའི་བརྟུལ་ཞུགས་ གྲུབ་པ་མེད། །ལྟ་བུ། (8) ལ་སྒྲ་ཡིད་སྨོན་སོགས་ལ་འཇུག་པ་ནི། དགའ་བ་ལ། སྐྱིད་པ་ལ། ཕང་ས་པ་ལ། སྙིང་རྗེ་བ་ལ་ལྟ་བུའོ། །ཞེས་བཤད་པ་ལྟར་རོ། །།༔ ] ལ་སྒྲ་ངེས་བཟུང་གི་སྒྲའམ་ཁོ་ནའི་དོན་ལ་འཇུག་པ་ ནི། ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་ད་གེ་ལ་གཞག་པར་བྱ། །ཞེས་གཅིག་ དག་ལ་ཞེས་པ་ངེས་བཟུང་གི་ཚིག་ཏུ་ལམ་རིམ་འབྲིང་པོར་གསུངས། ལ་དུ། རྫས་བརྒྱད་སྦྱར་བའི་བཟའ་བའི་མིང་དུ་བཤད། ལ་བའི་མཆོག ཡུལ་པར་སིག་ལས་བྱུང་བའི་ཤིན་ཏུ་རིན་ཆེ་བ་དང་མཐུག་པ་མཇུབ་ཀྱི་ཆད་ལས་ལྷག་པས་སྤུ་ ཅན་གྱི་གོས། ལ་བའི་མཆོག ལ་བའི་མཆོག་དང་འདྲ། ལ་ཟློ་བ། ལ་བཟླ་བ་དང་འདྲ། ལ་བཟླ་བ (4) སོམ་ཉི་མི་བྱེད་པར་ཐག་གཅོད་པ། ཕྱག་ཆེན་གྱི་སྐབས། སྐྱེ་མེད་ཟང་ཐལ་དུ་ལ་བཟླ་བ། ཞེས་པ་ ལྟ་བུ། (2) ལ་བརྒལ་བ། ལ་བཟླ། ལ་བཟླ་བ་དང་འདྲ། ལ་ལ། འགའ་ཞིག། ཁ་ཤས། ལ་ལ་ནྰ། [ལེགས་སྦྱར] རྩ་རྐྱང་མ་དང་དོན་འདྲ། རྩ་རྐྱང་མ་ལ་གཟིགས། ལ་ལ་ལ། འགའ་ཞིག་ལ། ཁ་ཤས་ལ། ལ་ལི་ཏ། [ལེགས་སྦྱར] རོལ་བའམ་སྒེག་པ། * * * * * * * * * * * * * * * * * * * * * * * * * |