|
694 ཤིན་ཏུ་མ་སྦྱངས་པ། ཤིན་སྦྱངས་ཀྱི་ལྡོག་ཕྱོགས། ལུས་སེམས་ལྕི་བ་ཉིད་དེ། ལྕི་ན་ནི་མི་གསལ་བ་ཉིད་དེ་བྱིང་བ་ དང་རྨུགས་པའི་བདག་ཉིད་དོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ལས་གསུངས། ཤིས་སྐུད། མཁྲིག་མ་ལ་གད་གས་པའི་བཀྲ་ཤིས་པའི་ཚོན་སྐུད་ལྔ་པའོ། ། ི།ས་བརྗོད་། མངོན་པར་འདོད་པའི་ཕུན་ཚོགས་པ་སྐྱེད་པར་བྱེད་པའི་ཚིག་ལ་ཟར། སློབ་ད་པོན་ཚུལ་ཁྲིམས་ བསྐྱང་ས་གསུང་ངོ་། ། ཤིས་པ། ཕུན་སུམ་ཚོགས་པ་ལ་ཟར། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་གསུང་ལ་གཞི་བྱས། ཤུ་ཀྲ། [ལེགས་སྦྱར] ཁུ་བའམ་ཐིག་ལེ། ཤུ་ལ། ཤོ་ཀ་ན་ཞེས་བྱ་བ་ནི་མ་ངན་ནོ། །ཀྲ། ཀ་རྩ་ནི་སོག་ལེ་སྟེ། མ་ང་ན་ ནམ་སྡུག་བསྔལ་སོག་ལེ་ལྟར་གཅོད་པས་ན་ཤུ་ཀྲའོ། །རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། ཤུགས། (1)ནུས་སྟོབས། ནུས་ཤུགས་ཆེན་པོ་ལྟ་བུ། (2)ངང་། རང་བཞིན། རང་ཤུགས་ཀྱིས་འགགས་ལྟ་བུ། (8) ནུས་པ་རྒྱུན་ཆགས་པར་འཇུག་པ། བྱང་ཆུབ་སེམས་ཀྱི་ཤུགས་ཀྱིས་ཟིན་ལྟ་བུ། ཤུན་ལྤགས། ཤིང་ཤུན། ཤུནྱ་ཏཱ། [ལེགས་སྦྱར] སྟོང་པ་ཉིད། ངེས་ཚིག །ཤུནྱ་ནི་སྟོང་པ་དང་། ཏཱ་ནི་ཉིད་དོ། འགྲེལ་པ་བཞི་བྲགས་ན་ གསལ། ཤུབ་བུའི་བཟླ་བ། ལྕེ་མཆུ་གཡོ་ཙ་མ་དུ་བཟླ་བ། ཤུར་བུ། སྐེ་རགས་རིང་པོ། སྐུད་པ་མང་པོ་ལས་ལྷས་པ་སྲབ་ལ་ཞེང་ཆེ་བ་ཞིག ཤུར་བུ་ཕྲེ་རུ། སྐེ་རགས་ཐུང་ངུ་། ཤུར་བུ་ཕྲེའུ། སྐུད་པ་ཕྲ་མོ་དང་ལྷས་པ་ལྔ་འམ་དྲུག་ཏུ་བྱས་པས་དྲ་བ་ལྟར་བར་བར་དུ་འབྲེལ་བ་ཅ་ན་ནོ། །སློབ་ ད་པོན་ཚུལ་ཁྲིམས་བསྐྱང་ས་གསུང་། ཚིག་མཛོད་ཆེན་མོ་ད་ང་ཅུང་མི་འདྲ། ཤེད་ལས་སྐྱེས། མིའི་མིང་། སྒྲ་བཤད་ནི། ཡིད་ཀྱི་རྣམ་པ་སྟེ་བསྐལ་པ་དང་པོའི་མི་རྣམས་ཁུ་ཁྲག་ལ་མ་ལྟོས་པར་ ཡིད་ཙ་མ་གྱིས་སྐྱེས་པས་ཤེད་ལས་སྐྱེས་ཞེས་བྱའོ། ། ཤའོ། རྫོགས་ཚིག་དང་འདྲ་བའི་ཕྲད་གཉིས་འདུས། ཞའོ། །ཅའོ། །ཤའོ་གསུམ་ནི། ཞེས་བྱའོ། །ཟེར་། །དེ་ འདྲ་ཟེར་ར་རོ། །ཞེས་པ་དང་དོན་འདྲ་བར་ཚིག་པི་མཇུག་སྡུད་པའི་དོན་ལ་འཇུག །དཔེར་ན། རི་རྣམས་ཀྱི་ གཅོུབོ་ཡིན་པས་ན་རིའི་རྒྱལ་པོ་ཞའོ་རྟ་བུ། ཚིག་དོན་ཀུན་རྟོགས་ཤའོ་ལྟ་བུའོ། ། * * * * * * * * * * * * * * * * * * * * * * * * * |