www.dharmabook.ru tibetan OCR


697
ཡིན་ལ། ཤེས་ཞེས་པ་ནི་དེ་ལྟར་དུ་ཤེས་སོ་ཞེས་པའོ། གཞན་ཡང་ཚིག་སྔ་ཕྱི་བསྒུར་ཏེ་སྒྲ་བཤད་ད་གོས་པ་
མང་དུ་ཡོད་ད་དེ།
དཔེར་ན། བསྙེན་རྫོགས། ཤེས་བཞིན་ལྟ་བུའོ།
ཤེས་རབ་ཀྱི་དམ་ཚིག་བརྒྱད། ཤེས་རབ་མ་ལ་བརྟེན་པའི་དམ་ཚིག་བརྒྱད་དང་དོན་འདྲ།
ཤེས་རབ་རྐྱང་གྲོལ། བསམ་གཏན་དང་པོའི་ཉེར་བསྡོགས་ཙ་མ་ལ་བརྟེན་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་
སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་
མཐའ་དག་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ལ་ཟེར། མཆིམས་
མཛོད་
ལྟར་རོ། དེ་དང་འགོག་སྙོམས་མ་ཐོབ་པའི་དགྲ་བཅོམ་པ། ད་གྲ་བཅོམ་རྒྱན་མེད་རྣམས་དོན་གཅིག
་ཤེས་
རབ་རྐྱང་གྲོལ་གྱི་དགྲ་བཅོམ་པ། ཤེས་རབ་རྐྱང་གྲོལ་དང་འདྲ།
ཤེས་རབ་སྒྲོན་མ། དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ཤེས་རབ་སྒྲོན་མ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་
མཛད།
ཀླུའི་རྒྱལ་མཚན་གྱི་འགྱུར། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་སྙིང་པོ།
ཤེས་རབ་སྒྲོན་མའི་འགྲེལ་བཤད། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད། ཀླུའི་རྒྱལ་མཆན་གྱི་འགྱི་འགྱུ
ཤེས་རབ་སྒྲོན་མེ། ཤེས་རབ་སྒྲོན་མ་དང་འདྲ།
ཤེས་རབ་སྒྲོན་མེའི་ཕྲེང་བ སློབ་དཔོན་བུདྡྷ་བྲི་ཇུ་ནས་མཛད།
ཤེས་རབ་འཆལ་བ། ཤེས་རབ་ཉམས་ཤིང་རྒུད་དེ་བློ་མི་གསལ་བར་གྱུར་པ་དང་། བློ་མི་བརྟན་པའམ་བརྗེད་
ངས་ཆེ་བར་གྱུར་པ། བློ་བུལ་བ། ཡུལ་མི་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དང་བཅས་
པར་གྱུར་
པ་རྣམས་ལ་ཟེར། ཤེས་རབ་འཆལ་བ། ཤེས་འཆལ། འཆལ་བའི་ཤེས་རབ་རྣམས་དོན་འདྲ།
ཤེས་རབ་འཆལ་བའི་སྐོར་རྗེའི་ལམ་རིམ་ཆེན་མོ་དང་། ཐོག་མཐའ་མའི་ནང་ཟུར་ཙམ་གསལ།
ཤེས་རབ་ཆེ་བ། ཤེས་རབ་ཆེ་བ་སྟེ་ཤེས་རབ་རླབས་ཆེ་བ་ད་ང་གསལ་བ་གཉིས་ཀ་འཆད་པ་ལ་མཁས་པའི་ཡན་
ལག་སྟེ།
བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འཔྱེད་ནུས་པའི་ཤེས་རབ་ཅིག་ལ་ཟེ
ཤེས་རབ་འཆལ་བ། བློ་གྲོས་དམན་པར་གྱུར་པ།
ཤེས་རབ་སྙིང་པོ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེ་ཐམས་ཅ་ད་ཀྱི་ཉིང་ཁུའམ་
སྙིང་པོ་
ཕྱུང་བ་ལྟ་བུའི་མདོ་ཞིག་སྟེ། རྒྱ་གར་སྐད་ད་དུ། བྷ་ག་ཝ་ཏི་པྲཇུ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ།
བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། ཡང་། རྒྱ་འགྲེལ་འགའ་ཞིག་ཏུ། རྒྱ་གར་
སྐད་ད་དུ།
ཨཱར་པྲཇུ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།
ཞེས་ཀྱང་སྣང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*