|
707 སད་དུས་ཀྱི་སྐྱེ་བ་སྤྲུལ་སྐུའི་བསྲེ་བ། བསྲེ་བ་སྐོར་ད་གུའི་གསུམ་པ་ད་ང་སད་དུས་ཀྱི་བསྲེ་བ་གསུམ་གྱིའང་ གསུམ་པ་ནི། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་སྒ་ མའི་སྐུ་ལས་ལྡང་བར་རྩོམ་པ་ན། རྣམ་སྨིན་གྱི་ལུས་འདི་གསང་འདུས་ཀྱི་སྐབས་ཡིན་ན། སྤྲུལ་སྐུ་རྡོ་རྗེ་ སེམས་དཔའ་འམ། རྡོ་རྗེ་འཆང་གི་སྐུར་ལྡང་བ་དང་། འཇིགས་བྱེད་ཀྱི་སྐབས་ཡིན་ན། སྤྲུལ་སྐུ་འབྲས་བུ་ རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་ལངས་ལ། གོང་དུ་བཤད་པ་ལྟར་གྱི་ཤིན་ཏུ་ཕྲ་བའི་རླུང་ སེམས་ལས་གྲུབ་པའི་ལོངས་སྐུ་དེ་ཡང་སྤྲུལ་སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་ པའི་སྤྲུལ་སྐུར་ལྡང་བ་ནི། སད་དུས་ཀྱི་ལོངས་སྐུ་ལས་ལང་ས་པ་སྤྲུལ་སྲུ་དང་བསྲེ་བའོ། ། སད་དུས་ཀྱི་ཆོས་སྐུའི་བསྲེ་ ། བསྲེ་བ་སྐོར་དགུའི་དང་པོ་དང་སད་དུས་ཀྱི་བསྲེ་གསུམ་གྱིའང་དང་པོ་ནི། རྡོ་ རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་སྙིང་གའི་དྷཱུ་ཏིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་ པ་ལས་སྨིག་རྒྱུ་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་ཞིང་། དེའི་རྗེས་སུ་སྣང་བ། མཆེད་པ། ཉེར་ ཐོབ། འོད་གསལ་རྣམས་འཆར་ལ། དེ་རྣམས་ཀྱི་དུས་སུ་ལྟ་བ་དྲན་པར་བྱེད་ཅི་ང་། ཁྱད་པར་འོད་གསལ་ གྱི་དུས་སུ་གདམས་ངག་དང་སྦྱར་ནས་སྒོམ་པར་བྱེད་པ་ནི་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་ཡིན་ནོ། ། སད་དུས་ཀྱི་ལོངས་སྐུའི་བསྲེ་བ། བསྲེ་བ་སྐོར་དགུའི་གཉིས་པ་ད་ང་སད་དུས་ཀྱི་བསྲེ་བ་གསུམ་གྱིའང་གཉིས་པ་ ནི། སད་དུས་ཀྱི་སྒུ་ལུས་ལོང་ས་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་འོད་གསལ་ཆོས་སྐུ་ད་ང་བསྲེ་ བ་དེ་ལས་ལྡང་བར་རྩོམ་པ་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ཙ་མ་ལས་རྣམ་སྨིན་གྱི་ཕྱུང་པོ་ལས་ལོགས་སུ་ཕྱེ་ སྟེ། གསང་འདུས་སྐབས་སུ་ཡིན་ན། ལོངས་སྲུ་དང་པོའི་མགོན་པོ་དང་། འཇིག་བྱེད་ཀྱི་སྐབས་ཡིན་ན། རྒྱུ་ རྡོ་རྗེ་འཇིན་པ་འཛམ་དཔལ་གཞོན་ནུར་གྱུར་པ་འཇའ་ཚོན་ལྟ་བུའི་སྐུར་སྐད་ཅིག་གིས་ལྡང་བ་ནི་སད་དུས་ ཀྱི་སྒུ་མ་ལོང་ས་སྐུ་དང་བསྲེ་བ་ཡིན་ནོ། ། སད་པ། (1) [ཐ་མི་དད་པ] སངས་པ། དཔེར་ན། གཉིད་སད་ཅེས་པ་ལྟ་བུ། (2) མངོན་དུ་གྱུར་པ། རྒྱས་པ། བརྟས་པ། དཔེར་ན་བག་ཆགས་ས་ས་ད། ཐེག་པ་ཆེན་པོའི་རིགས་སད་ཅེས་པ་ལྟ་བུ། (8) གོ་རྟོགས་ཇེ་མཐོར་ སོང་བ། དཔེར་ན། གོ་རྟོགས་སད་ཅེས་པ་ལྟ་བུ། (1)བརྟག་དཔྱད་བྱེད་པ། ཉམས་ཚོད་ལེན་པ། ཚོད་ དཔག་དང་ཚོད་ལྟ་བྱེད་པ། དཔེར་ན། ཅི་ཟེར་བརྟག་པའི་ཚིག་ལ། སད་གདའ་ཟེར་བ་ལྟ་བུ། བུ་སྟོན་ཆོས་ འབྱུང་ལས། བོད་ལ་བཅུན་པ་གཏུབ་མི་གཏུབ་སད་པའི་ཕྱིར་སད་མི་མི་བདུན་རབ་ཏུ་བྱུང་སྟེ། ལྟ་བུ། * * * * * * * * * * * * * * * * * * * * * * * * * |