|
76༽ 5 དྲུག་ཅུ་རྩ་བཞི་ལ་མཁས་པའི་བུད་མེད་དོ། །འདོད་དོན་པྱུར་དུ་སྒྲུབ་པའི་མི་ལ་ཕོ་ཉའི་བང་ཆེན་ཞེས་པ་ ལྟར། འདིས་ཀྱང་ལྷན་སྐྱེས་ཀྱི་བདེ་སྟོང་མུར་དུ་བསྐྱེད་པའི་ཕྱིར་ཕོ་ཉ་ཞེས་བཏགས། ལྷན་སྐྱེས་ཀྱི་བདེ་བ། ཤིན་ཏུ་ཕྲ་བའི་སེམས་ཀྱིས་མོང་བའི་བདེ་བ་ལ་ལྷན་སྐྱེས་ཀྱི་བདེ་བ་ཟེར། ལྷན་སྐྱེས་ཀྱི་དོན་ ཡང་། གང་ཟག་དེ་འཁོར་བ་ཐོག་མེད་ནས་འགྲོ་བ་བཟང་ངན་ཅི་འདྲར་གྱུར་ཀྱང་། དེའི་རྒྱུད་ལ་འབྲལ་ མེད་དུ་གནས་པས་ལྷན་སྐྱེས་ཞེས་བྱ། ལྷན་སྐྱེས་ཀྱི་རླུང་། ཤིན་ཏུ་ཕྲ་བའི་རླུང་། ཐོག་མེད་ནས་གང་ཟག་ད་དང་འབྲལ་མེད་དུ་གནས་པས་ན་ལྷན་སྐྱེས་ ཞེས་བྱ། ལྷན་སྐྱེས་ཀྱི་སེམས། ཤིན་ཏུ་ཕྲ་བའི་སམས། ཐོག་མེད་ནས་གང་ཟག་དེ་དང་འབྲལ་མེད་དུ་གནས་པས་ན་ལྷན་ སྐྱེས་ཞེས་བྱ། ལྷན་ཅིག་སྐྱེས་པ། [དགེ་ལུགས།] ལྷན་ཅིག་སྐྱེས་པའི་ཡེ་ཤེས་ད་ང་དོན་འདྲ། [བཀའ་བརྒྱུད] (4) སེམས་ཉིད་། རྒྱས་ པར་བཤད་ན། འགྲོ་མགོན་གྱིས། སེམས་ད་ང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་དེ།་ ཞེས་ད་ང་། ཡང་དེ་ཉིད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱྱི་། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་ སྐུའི་རླབས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་ད་བྱེར་མེད་ལྷན་ཅིག་སྲེས་པའོ། །ཞེས་ གསུངས་པ་ལྟར་རོ། །སྒྲ་བཤད་ནི། སེམས་ཉིད་གཅིག་པུ་འདི་ལ་རིག་སྟོང་གསལ་གསུམ་ལྷན་ཅིག་ཏུ་སྐྱེས་ པ་སྟེ། དཔེར་ན། གསེར་གྱི་ངོ་བོ་གཅིག་ལ་ཁ་དོག་སེར་བ། ལྕིད་ཆེ་བ། བཞུ་བཏུལ་བྱས་པས་ངན་དུ་མི་ འགྲོ་བ་གསུམ་དུས་མཚུངས་སུ་གནས་པ་བཞིན་ནོ། །ཞེས་གསུང་ས་པ་ལྟར་རོ། །(2)དུས་མཚུང་ས་པར་ སྐྱེས་པ། དཔེར་ན། ཚོགས་པ་གཅིག་པའི་འབྱུང་བ་བཞི་ལྟ་བུ། ལྷན་ཅིག་སྐྱེས་པའི་བདེ་བ། དགའ་བ་བཞིའི་ཐ་མ། ད་གའ་བ་པཞི་ལ་གཟིགས། ལྷན་ཅིག་སྐྱེས་སྦྱོར། [བཀའ་བརྒྱུད] ཕྱག་རྒྱ་ཆེན་པོའི་གདམས་པ། སྒྲ་བཤད་ནི། འགྲོ་མགོན་གྱིས། སེམས་དང་ རྣམ་རྟོག་ཆོས་སྐུ་གསུམ། །ད་ང་པོ་ལྷན་ཅིག་སྐྱེས་པ་དེ། །གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིཕྱིར། ལྷན་ཅིག་ སྐྱེས་སྦྱོར་ཞེས་སུ་བཤད། །ཞེས་གསུངས་པ་ལྟར་རམ། ཡང་ན་ལྷན་ཅིག་སྐྱེས་པ་ནི་ཕྱག་རྒྱ་ཆནོ་པོ་ཡིན་ལ། དེ་རྟོགས་པ་ལ་བྱོར་བའམ་དེ་རྟོགས་པའི་ཐབས་ཡིན་པས་དེ་སྐད་ཅེས་བྱ། འདི་རྗེ་སྒམ་པོ་བས་ཕྱག་ཆེན་ འཁྲིད་ལུགས་ཀྱི་གདམས་པ་ཡིན། * * * * * * * * * * * * * * * * * * * * * * * * * |