|
འཕགས་པ་ཤེས་རབ་ཀྱི་ཕ་ཛོལ་ཏུ་ཀྱིན་པ་ཁྲི་པ་ཞིས་བྱ་བ་ཐེག་པ་ཆེན་པོའི་མདོ། ༢༢ -- ---- དམིགས་ན། རབ་འབྱོར་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཞིང་། དེ་དེ་ཁོ་ན་བཞིན་ དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་་ ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་པར་བྱེད་དོ། །རབ་ འབྱོར་དཔེར་ན་སྒྱུ་མ་མཁན་ན་མ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་ བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ན་ས། སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་ འབུམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་ འཛུད་དེ་ར་བ་ཏུ་འགོད་པར་བྱེད་ན་། ར་བ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་ སྒྱུ་མའི་སྐྱེས་བུའམ། སྒྱུ་མ་མ།།ཁན་གྱི་སློབ་མ་དེས་དེ་ལ་སེམས་ཅན་འགའ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་[༡]པ་ཡོད་སྙམ་འམ[༢]། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་་ དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བཀོད་[༢]ཀྱང་སེམས་ཅན་འགའ་ཡང་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་[༤]ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་ད་པའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ནས། ཤར་ཕྱོགས་ཀྱི་ སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ད་ག་ན་སེམས་ཅན་གང་དག་སྡིག་ པའི་ལས་ཀུན་ཏུ་སྤྱོད་ཅིང་ལོག་པའི་ཆོས་ལ་གཞོལ་[༥]བ་དེ་ད་ག་ཇི་ལྟར་འཚམ་པའི་ ལུས་ད་ག་ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནས། ཤེས་རབ་ 32------23 * * * * * * * * * * * * * * * * * * * * * * * * * |