www.dharmabook.ru tibetan OCR



པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་ཆོས་ཀྱི་དབྱིངས་ཀྱི་
ངོ་བོ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་
ཡིན་པའི་
ཕྱིར་རོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཀྱི་དབྱིངས་
ཀྱི་ངོ་བོ་ཉིད་ནི་
ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ནས། དེ་བཞིན་དུ་་་་
སྦྱར་ཏེ།
མངོན་པར་འདུ་བྱེད་པ་མེད་པའི་བར་གྱི་ངོ་བོ་ཉིད་ནི། མངོན་པར་
འདུ་བྱེད་པ་མེད་པའི་
ངོ་བོ་ཉིད་ཀྱིས་སྟོང་སྟེ། རབ་འབྱོར་རྣམ་གྲངས་དེས་ན་་་་
ཐེག་པ་
དེ་ནི་གང་དུ་ཡང་གནས་པར་འགྱུར་བ་མེད་ད་དེ། དེ་ཡང་མི་གནས་པར་་
གནས་པ་མེད་པའི་
ཚུལ་གྱིས་སོ། ཡང་རབ་འབྱོར་གང་འདི་སྐད་དུ་ཐེག་པ་དེས་
སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི།
རབ་འབྱོར་ཐེག་པ་དེས་སུ་
ཡང་
ངེས་པར་འབྱུང་བར་འགྱུར་བ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
འདི་ལྟར་
ཐེག་པ་གང་ཡིན་པ་དེ་དེ་དང་། གང་ངེས་པར་འབྱུང་བར་འགྱུར་བ་དང་།
གང་དུ་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་་་་
དམིགས་པའི་ཕྱིར་རོ།
དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་ན།
ཆོས་གང་ཞིག་གིས་སུ་ཞིག་ངེས་པར་འབྱུང་བར་འགྱུར། གང་དུ་ངེས་པར་་་་
འབྱུང་བར་འགྱུར།
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་དང་དེ་
བཞིན་དུ་སྦྱར་ཏེ།
ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་དམིགས་སུ་མེད་
པའི་ཕྱིར་བདག་
གཏན་མི་དམིགས་ས་སོ། དེ་བཞིན་དུ་སེམས་ཅན་དང་། སྐྱེ་བ་
པོ་ན
ས་དེ་བཞིན་དུ་སྦྱར་ཏེ། ཤེས་པ་པོ་དང་མཐོང་བ་པོའི་བར་དུ་གཏན་མི་་་་་
དམིགས་པའི་ཕྱིར་ར་རོ།
དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་་་་
དབྱིངས་མི་
དམིགས་སོ། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་
ཉིད་མི་དམིགས་གོ།
ཡང་དག་པའི་མཐའ་མི་དམིགས་སོ། ཤིན་ཏུ་རྣམ་པར་
32 --104

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*