www.dharmabook.ru tibetan OCR


འཕགས་པ་ཤེས་རབ་ཀྱི་ཕ་ཇལ་ཏུ་ཀྱིན་པ་ཁྲི་པ་ཞིས་བྱ་བ་ཟེག་པ་ཆེན་པོའི་མདོ།
-- --
པར་མི་བྱའོ། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ད་ང་།
དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་།
དེ་བཞིན་གཤེགས་པ་ནི་སྦྱིན་གནས་སོ་ཞེས་བྱ་བར་གནས་པར་མི་བྱ་སྟེ། ཀཽ་ཤི་་
ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་་
སྤྱོད་
པས་དེ་ལྟར་གནས་པར་མི་བྱའོ། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པས་བྱང་ཆུབ་
སེམས་དཔའི་ས་དང་པོ་ལ་གནས་པར་
མི་བྱའོ། དེ་བཞིན་དུ་སྦྱར་ཏེ། ས་
བཅུ་པའི་བར་ལ་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། དེ་ཅིའི་ཕྱིར་ཞེ་ན།
གནས་པ་ཡོད་ན་གཡོ་བར་འགྱུར་བའི་ཕྱིར་རོ། གཞན་ཡང་བདག་གིས་སེམས་
དང་པོ་བསྐྱེད་པ་ལ་གན་ས་ཏེ།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་
བྱའོ་
སྙམ་དུ་གནས་པར་མི་བྱའོ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ད་ང་། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་
སྙམ་དུ་གན་ས་པར་མི་བྱའོ། དེ་བཞིན་དུ་་
སེམས་དང་པོ་བསྐྱེད་པ་ལ་
གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་་
པར་བྱའོ་
སྙམ་དུ་ད་མིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། དེ་བཞིན་དུ་སྦྱར་
ཏེ༑
འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱའོ་སྙམ་དུ་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། དེ་བཞིན་དུ་དེ་བཞིན་གཤེགས་
པའི་སྟོབས་བཅུ་
བསྒོམ་པར་བྱའོ་སྙམ་དུ་ད་མིགས་པའི་ཚུལ་གྱིས་གནས་པར་མི་བྱའོ།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ་སྙམ་དུ་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་་
32 [67

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*