www.dharmabook.ru tibetan OCR


འཕགས་པ་ཤེས་རབ་ཀྱི་ཕ་ཛོལ་ཏུ་ཀྱིན་པ་ཁྲི་པ་ཞིས་བྱ་བ་ཐེག་པ་ཆེན་པོའི་མདོ།
མ་མེད་པ་ཡང་གཞན་ལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་་་་་
འམ༑
གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་ས་སོ། རབ་་་་
འབྱོར་འདི་ཇི་སྙམ་དུ་སེམས།
མཚན་མ་མེད་པ་ཡང་གཞན་ལ་རང་སངས་་་་
རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་
བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་་་་
འམ།
གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་ས་སོ། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འོ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་དང་།
དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་
དང་།
དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཉིད་མཚན་མ་མེད་པ་་་་
ཡིན་ན་མ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་མཚན་མ་མེད་
པ་ཡིན་ན་མ།
གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ།
བཙུན་པ་བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ས་སོ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ།
རབ་འབྱོར་ཁྱོད་ཀྱིས་རྣམ་གྲངས་དེས་ན། འདི་ལྟར་ཆོས་
ཐམས་ཅད་མཚན་མ་
མེད་པ་ཡིན་པར་རིག་པར་བྱའོ། རབ་འབྱོར་མཚན་མ་
མེད་པ
འི་ཆོས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་་་་་
དགེ་བའི་
རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ།
ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་།
ཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་
བཞི་ད་ང་།
ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ད་ང་།
དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་
32----58о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*