www.dharmabook.ru tibetan OCR


བཀའ་འགྱུར། ཁྲི་པ། ཀི
-- -- ---- -- -- -- -- ---- --
པོ་བཟོད་པ་སྒྲུབ་པ་རྣམས་ཀྱི་སྔོན་དུ་འགྲོ་བ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་དོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་་་་་
སེམས་དཔའ་
སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་སྔོན་དུ་འགྲོ་བ་
སྟེ༑
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་
སེམས་ད་པའ་ཆེན་པོ་བསམ་
གཏ་ན་
དག་ལ་སྙོམས་པར་འཇུག་པ་རྣམས་ཀྱི་སྡོན་དུ་འགྲོ་བ་སྟེ། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཉིད་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཆོས་ལ་རྣམ་པར་ལྟ་བ་རྣམས་
ཀྱི་སྔོན་[༡]དུ་འགྲོ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།
གཟུགས་མི་དམིགས་པའི་ཚུལ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ད་མིགས་པའི་ཚུལ་གྱིས་ས་སོ།
ཀུན་དགའ་བོ་་་་་་་
དཔེར་ན༐
འཛམ་བུ་[༢]གླིང་གི་ཤིང་ལྗོན་པ་ལོ་མ་ཐ་དད་པ། མེ་ཏོག་ཐ་དད་པ།
འབྲས་བུ་ཐ་དད་པ་རྣམས་ཀྱི་གྲིབ་མ་ནི། གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་
མ་གཏོགས་པར་བྱེ་བྲག་གག་མ། ཐ་ད་ད་དུ་བྱ་བ་མི་དམིགས་[༢]སོ། ཀུན་དགའ་
བོ་དེ་བཞིན་[༤]དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
ས་ཡོངས་སུ་ཟིན་པའི་ཕ་རོལ་ཏུ་
ཕྱིན་པ་ལྔ་པོ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་རྣམས་ལ་
ཡང་བྱེ་བྲག་གག་མ།
ཐ་དད་དུ་བྱ་བ་མི་དམིགས་སོ། དེ་སྐད་ཅེས་བཀའ་སྩལ་
པ་དང་།
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་
གསོལ་ཏོ།
བཙུན་པ་བཅོམ་ལྡན་འད་ས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་
ཡོན་ཏན་
མཐའ་ཡས་པ་དང་ལྡན་པའི་སླད་དུ་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་
སོ༑
བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་
32----7

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*