www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ།
ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བརྒྱད་ཀྱི་་་་
བྱེ་མ་སྙེད་
འདས་པ་[༡]ན་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་་་་
དེ༑
དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རིན་
པོ་ཆེའི་པད་མ་ལ་རབ་ཏུ་གནས་པ་སཱ་[༢]ལའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་་་་
བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།
ཤཱ་རིའི་བུ་སངས་རྒྱས་བཅོམ་
ལྡན་འདས་དེ་
དག་གི་སངས་རྒྱས་ཀྱི་ཞིང་དག་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་
ལྔ་
མེད་དོ། ཡ་མཚན་ཅན་ཐམས་ཅད་མེད་དོ། གསེག་མ་དང་གྱོ་མོ་དག་མེད་
དོ༑
ཉེ་བའི་ཉོན་མོངས་པ་མེད་ད་དོ། བུད་མེད་མེད་དོ། དུད་འགྲོ་དང་
གཤིན་རྗེའི་འཇིག་རྟེན་
ཡང་མེད་དོ། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་
སྦྲུལ་གྱིས་རེག་པ་རྣ
མས་མེད་དོ། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་
དག་
སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་
དང་༑
འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་
དང་
ཀུན་ཆུབ་པར་བྱེད་པ་དེ་དག་ངན་སོང་གསུམ་དུ་འགྲོ་བ་དེ་ནི་གནས་
མ་ཡིན་ཞིང་གོ་སྐབས་མེད་དེ[༢]། ཤཱ་རིའི་བུ་དེ་དག་སེམས་ཅན་དམྱལ་བའམ།
དུད་འགྲོའི་སྐྱེ་གནས་སས་མ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་དེ་ནི་གནས་མེད་
དེ[༤]༑ མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བའི་གང་ཟག་ནི་མ་
གཏོགས་ཏེ།
དེ་ཡང་ཆུང་ངུ་མྱོང་ཞིང་མང་དུ་མྱོང་བར་མི་འགྱུར་རོ། ཤཱ་རིའི་
བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་
སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་
མཚན་
ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་
པ་ད་ང་།
རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ དེ་བྱང་ཆུབ་ཀྱི་སྙིང་
པོ་ལ་
ཐུག་གི་བར་དུ་ན་མ་ཡང་མངོན་པར་ཤེས་པ་དང་བྲལ་བར་མི་འགྱུར། ནམ་
6 ---54

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*