www.dharmabook.ru tibetan OCR


འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྲེད་པ་ཞིས་བྱ་བའི་ཡོངས་སུ་བསྔོ་བ།
པའི་ཐུགས་དང་འཐུན[༡]པས་ཡོངས་སུ་བསྔོ་བར་བགྱིའོ། ཇི་ལྟར་སེམས་ཅན་
འདུལ་བ་དང་། ཇི་ལྟར་དགེ་བའི་རྩ་བ་སྨིན་པ་དང་། ཇི་ལྟར་དགེ་བའི་རྩ་བ་
རྣམ་པར་འཕེལ་བ་དང་། ཇི་ལྟར་སྡུག་བསྔལ་ཤེས་པ་ད་ང་། ཀུན་འབྱུང་བ་
སྤང་བ་དང་།
འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པ་དང་། བླ་
ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་
པ་དང་། མི་དགེ་བའི་རྩ་བ་
ཐམས་ཅད་
སྤང་བ་དང་། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་དང་། བག་
ཆ་གས་འཇོམས་པ་དང་།
བསྙེལ[༢]་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་
འདས་པ་དང་། མ་འོངས་པ་དང་། ད་ལྟར་
བྱུང་བའི་སངས་རྒྱས་
སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ཐམས་ཅད་ཀྱིས་དགེ་་་་
བའི་རྩ་བ་
ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཡོངས་སུ་བསྔོ་བར་བགྱིའོ།
མཉམ་པ་ཉིད་ཀྱིས་ཡོངས་སུ་བསྡོ་བ་དང་། གཉིས་སུ་མེད་པས་ཡོངས་སུ་བསྡོ་བ་
དང་༑
འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཡོངས་སུ་བསྔོ་བས་ཡོངས་སུ་
བསྔོ་བར་
བགྱི་སྟེ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུའོ། སེམས་ཅན་
གང་ཞིག་གང་
དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེའི་སེམས་རྣམ་པར་
རྟོག་པ་མེད་པ
ས་བདག་མཐོང་བར་འགྱུར་ཞིང་། ཇི་ལྟ་ཇི་ལྟར་སེམས་ཅན་དག་
པར་འགྱུར་བ་དེ་ལྟ་
དེ་ལྟར་བདག་གི[༢]་ལུས་ཀྱི་ལས་དང་། ངག་གི་ལས་དང་།
ཡིད་ཀྱི་ལས་རྟག་ཏུ་འཇུག་པར་གྱུར་ཅིག དུས་ཇི་ལྟ་བ་དང་། ཡུལ་ཇི་ལྟ་བ་
དང་༑
སེམས་ཅན་རྣམས་ཀྱི་འདུལ་བ་ཇི་ལྟ་བ་དེ་ལྟ་དེ་ལྟར་ཆོས་ཀྱི་དབྱིངས་
འཁྲུག་པ་མེད་པར་སྟོན་པར་གྱུར་ཅིག འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་
སྐྱོབ་པར་བྱེད་
པ་ཞེས་བྱ་བའི་ཡོངས་སུ་བསྔོ་བ་ཞེས་བྱ་བ་རྫོགས་སོ[༤]།
རྒྱ་གར་གྱི་མཁན་པོ་བིརྱཱ་[༥]ཀ་ར་པྲ་བྷ་དང་། ལོ་ཙྪ་[༦]བ་བན་དེ་ཡེ་ཤེས་
6 ---235

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*