www.dharmabook.ru tibetan OCR


འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།
རྒྱུད་ལ་གནས་པ་ཡིན་ཏེ། བསམས་ནས་སྲོག་གཅོད་པ་སྤངས་ན་གཙང་ཞིང་
དག
འ་བར་འགྱུར། གང་གི་ཚེ་ཕ་རོལ་ཡང་དག་པར་བསྲུང་བར་མ་ནུས་པ་
དེའི་ཚེ་
བཏང་སྙོམས་སུ་འགྱུར་ཞིང་། དེ་ཚངས་པའི་གནས་བཞི་ལ་གནས་པའི་
རྒྱུད་དུ་འགྱུར། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བའི་སྙིང་པོ་ནི་བསམ་
གྱིས་མི་ཁྱབ་པ[༢]་སྟེ།
རྣམ་པ་གང་དང་གང་གིས་ཇི་ལྟ་ཇི་ལྟར་ཡོངས་སུ༐བསྔོ་བ་[༢]
དེ་ལྟ་
དེ་ལྟར་ཡོངས་སུ་འགྲུབ་བ་བོ།དཔེར་ན། གསེར་མགར་མཁས་པ་དེ་ནི་[༤]
གསེར་
བཟང་པོ་བླངས་ནས། ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་གསེར་དེ་ལ་
བྱེད་དེ། དེ་ལས་རྒྱན་ནམ[༥]། དེ་ལས་བུམ་པའམ། དེ་ལས་མིའི་གཟུགས་སམ།
དེ་ལས་སངས་རྒྱས་ཀྱི གཟུགས་བྱེད་ད་དོ། དེ་བཞིན་དུ་སྲོག་གཅོད་པ་ཡང་དག་
པར་བསྲུངས་ཏེ།
མ་ཉམས་ཤིང་མ་རལ་ལ། མ་ཞིག་ན་ཇི་ལྟ་ཇི་ལྟར་ཡོངས་སུ་
བསྔོ་བ[༧]་དེ་ལྟ་དེ་ལྟར་ཡོངས་སུ་འགྲུབ་བ་བོ དེ་ལྟ་བས་ན་སྲོག་གཅོད་པ་སྤངས་
པའི་སེམས་ཅན་
གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་དང་། ཉེ་བར་གནས་
ཤིང་༑
དེ་དགེ་བའི་བཤེས་གཉེན་དང་ཡང་ད་ག་པར་སྤྱོད། སེམས་ཅན་དེ་
བདག་
དང་གཞན་ལ་ཕན་པའི་སྐལ་བ་དང་ལྡན་ཞིང་། དེ་སེམས་ཅན་དམྱལ་བ་
དང་༑
དུད་འགྲོ་དང་། ཡི[༨]་དགས་རྣམས་ཀྱི་འགྲོ་བ་ལ་བསོད་ན་མས་ཀྱི་ཞིང་
དུ་
གྱུར་པ་ཡིན། དེས་འཁོར་བ་ན་ཆོས་ད་ང་ལྡན་པའི་ཆོས་ཀྱི་རྗེས་སུ་འཇུག་པ།
ཆོས་དང་ལྡན་པའི་ཀུན་ཏུ་[༩]རྟོག་པ་རྣམས་འགྲུབ་པར་འགྱུར་ཞིང་། གྲུབ་པ་
ཡང་
བརྟན་པར་འགྱུར་ལ། རྒྱལ་པོ་དང་། ཆོམ་རྐུན་ད་ང་། ཆུ་དང་། མེས་
འཇིགས་པ་དང་།
ཐུན་མོང[༡༠]་མ་ཡིན་པར་འགྱུར་ཏེ། བདག་ཉིད་ཉེ་བར་སྤྱོད་
པར་འགྱུར་རོ།
ཆོས་དང་ལྡན་པའི་འགྲན་ཟླཱ་གཞན དག་གིས་མི་ནོན་པར་
མཐོང་སྟེ།
དེ་ལྟ་བས་ན་སྲོག་གཅོད་པ་སྤང་བར་བྱའོ། དེ་ན་ས་གཞན་ཡང་མ་
6 ---269

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*