www.dharmabook.ru tibetan OCR



པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ནགས་ཚལ་མེས[༡]་མཆེད་པའི་རྒྱུད་
ལྟ་བུ་
ཞེས་བྱ་བ་མཐོང་ངོ་། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་
སྙམ་ནས་དེས་བརྟགས[༢]ན། གང་གིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་
པ་དང་།
འདོད་པས་ལོག་པར་གཡེམ་པ་དང་། འབྲུའི་ཆང་དང་། སྦྱར་བའི་
ཆང་
རྨྱོས་པར་འགྱུར་བ་བླུད་པས་འགྱུར་རོ། བརྫུན་སྨྲ་བར་འགྱུར་བ་ནི་གྱད་
ཚོགས་ཤིང་འདུ་བའི་ནང་དུ་སོང་སྟེ། ཉེས་པ་བྱས་ནས་ཆད་པས་འཇིགས་པའི་
ཕྱིར་
བདག་གིས༐ཉེས་པ་[༢]མ་བྱས་ཞེས་སྨྲ་ན་དེ་ལུས་དང་བྲལ་བའི་འོག་ཏུ་ངན་་་་
འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་
ནགས་ཚལ་མེས་མཆེད་པའི་རྒྱུད་ལྟ་་་་
བུ
ར་སྐྱེ་བར་འགྱུར་རོ། དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་
ལྟ་སྟེ།
སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་གང་
ཡིན་པ་དེ་དག་
ཐམས་ཅད་སེམས་ཅན་དམྱལ་བ་འདིར་འབྱུང་བར་འགྱུར་རོ།
ཁྱད་པར་དུ་འབྱུང་བ་ནི་ལྕགས་ཀྱི་གླེགས་མ་རབ་ཏུ་འབར་བས་འཁྲིགས་ཏེ། དེ་
ཀུན་ནས་
ཁྲག་དང་ཤ་འདམ་ལྟ་བུར་གྱུར་ཅིང་ཤིང་ལྗོན་པ་ཀེང[༤]ཤུ་ཀ་ལྟར་མཚོན་
འབབ་སྟེ། དེའི་ཚེ་དེའི་ལུས་དེ་ལ་ལྕགས་ཀྱི་གླེགས་མ་དེ་འབྱར་བར་འགྱུར་རོ།
གང་གི་ཚེ་ངུ་སྐད་འདོན་ན་དེའི་ཤ་དང་། ཚིལ་དང་། ཁྲག་ལྕགས་ཀྱི་གླེགས་མ་
དེ་ལ་འཁྲིས་པ་གཤིན་རྗེའི་མི་དག་གི་ཤུགས་ཀྱིས་དེའི་ལུས་ལས་འཆུ་བར་བྱེད་དོ།
དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བ་དང་། མགོན་འདོད་པ། སྐྱབས་འདོད་
པ༑
ཀུན་ནས་གཙེས་པ་གཤིན་རྗེའི་མི་རྣམས་ཀྱིས་འཇིགས་ཤིང་སྐྲག་པ། ལུས་
ཤིག་ཤིག་པོར་གྱུར་
པ་དེས་བ་ཚྭའི་ཆུ་བོ་གནོད་སྐྱེས་ཞེས་བྱ་བ་མཐོང་སྟེ། དེར་
རབ་ཏུ་འཇུག་ག་གོ།
དེ་ལྟར་གཤིན་རྗེའི་མི་རྣམས་ཀྱིས་འཇིགས་པའི་ཟིལ་གྱིས་
གནོན་པ་དེ་
དག་ཞུགས་མ་ཐག་ཏུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་།
6---496

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*