www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ།
ཤིང་གི་[༡]བུ་གར་རུས་[༢]སྦལ་འཇུག་པ་ལྟ་བུར་ལན་གྲངས་གཞན་ལ་རྨྱོང་བར་་་་་་
འགྱུར་བའི་
ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེས་ལོག་པར་
ལྟ་བ་སྤྱད་ཅིང་ཉེས་པར་བྱས་པའི་ལས་དེ་[༢]དང་རྒྱུ་འཐུན་པའི་འབྲས་བུས་དེ་་་་
ཚོན་གྱིས་འཁྲུག་ཅིང་མུ་གེ་དང་ཆོམ་རྐུན་རབ་ཏུ་མང་བའི་ཡུལ་རྣམས་སུ་སྐྱེ་བར་
འགྱུར༑
དེར་སྐྱེས་ནས་ཀྱང་ད་བུལ་ཞིང་ནད་བུ་ཅན་དང་གཞན་གྱིས་བཀོལ
ཅིང་སྡུག་ཕོངས་པར་གྱུར་ལ་དབང་པོ་མ་ཚང་བར་འགྱུར་བ་མཐོང་ངོ་། དེ་ནས་
ཡང་དགེ་སློང་
ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་[༥]སེམས་ཅན་དམྱལ་་་་
བ་ཆེན་པོ་ཚ་བའི་
འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་
སེམས་ཅན་ད་མྱལ་བ་སྦྲུལ་འཁྱིལ་བ་ལྟ་བུ་ཞེས་བྱ་བ་མཐོང་ངོ་། དེར་སེམས་ཅན་
དག་
ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་
གཅོད་པ་དང་།
མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་
དང་༑
ཆ་ང་འཐུང་བ་དང་། བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་
དུ་བྱས་པས་
འགྱུར་རོ། ལོག་པར་ལྟ་བ་ཡང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་
དུ་བྱས་པས་
འགྱུར་བ་ནི་འདི་ལྟར་ཙོག་ཙོག་པོར་བསྒྱིངས་[༦]པར་འདུག་ལ་སྐོམ་
འཐུང་ཞིང་ལག་པ་ལ་ལྡག་ན་མྱ་ངན་ལས་འདས་པ་འཐོབ་སྟེ། འདོད་ཆགས་
ཞེ་སྡང་གཏི་མུག་སྤ
ངས་པས་མ་ཡིན་ཞིང་དབང་པོ་ཞི་བས་མ་ཡིན་ནོ་ཞེས་སྨྲ་ན་དེ་་
ལུས་དང་བྲལ་ནས་
ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་སྦྲུལ་འཁྱིལ་་་་
པ་ལྟ་
བུར་སྐྱེ་བར་འགྱུར་རོ། དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ།
འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་སྦྲུ་ལ་གདུག་པ་གདེངས་ཀ་ཅན་རབ་ཏུ་་་
འབར་བས་ཀུན་
དུ་གང་བ་དེ་ན་སྦྲུལ་དཔག་ཚད་ཙམ་ཡོད་ཅིང་སྦྲུལ་གདུག་པ་་་་
དཔག་ཚད་ཙམ་ཡོད་པས་ཀྱང་ཤིན་ཏུ་གང་བ་ཡིན་ལ། ཁ་ཅིག་ནི་ལྟ་བའི་དུག
6---་བྱ22

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*