www.dharmabook.ru tibetan OCR



དང་༑ ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཟླཱ་མེད་པ་དང་། གཡོག་མེད་
པར་
གཅིག་པུ་འོང་བར[༡]མཐོང་ང་ངོ་། མཐོང་ནས་ཀྱང་འཕགས་པ་ཁྱོད་ཅིའི་
སླད་དུ་ཟླ
ཱ་མ་མཆིས་པ་དང་། ཞམ་རིང་མ་མཆིས་པར་གཅིག་པུ་གཤེགས།
འཕགས་པའི་ཞམ་རིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། ཚེ་
དང་ལྡན་པ་ཤཱ་རིའི་བུས་སྨྲས་པ།
ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་མ་
གཏོགས་པར་བདག་
ཅག་ལ་གུད་ན་གཡོག་གི་འབྱུང་ཁུངས[༢]ག་ལ་ཡོད། ཁྱིམ་
བདག་གིས་སྨྲས་པ།
བཙུན་པ་ཤཱ་རིའི་བུ་བདག་གི་མཆིས་བྲང་ལ་བུ་ཆགས་པ་
མཆིས་ཀྱིས[༢]། དེ་ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་
འཕགས་པའི་
ཞམ་རིང་དུ་དབུལ་ལོ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ།
ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ། དེ་སྐད་ཅེས་སྨྲས་
ནས[༤]༑
ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ་། ཁྱིམ་བདག་དེའི་ཆུང་མ་ཡང་ཟླཱ་བ་
དགུའམ་བཅུ་ལོན་
པ་དང་། ཁྱེའུ་གཟུགས་བཟང་ཞིང་། བལྟ[༥]ན་སྡུག་ལ་
མཛེས་པ་ཞིག་བཙས་
རྨོད་ཀྱི་འོན་ཀྱང་མིག་ཆུང་ངོ་། དེ་ནས་དེའི་བཙས་སྟོན་
རྒྱ
ས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་
བྱེད་དེ།
ཁྱེའུ་འདི་མིག་ཆུང་བས་ན་མིང་མིག་ཆུང་ཞེས་གདགས་སོ་ཞེས་ཟེར་རོ།
དེ་ནས་ཁྱེའུ་མིག་ཆུང་འོ་མ་དང་། ཞོ་དང༐མར་དང་[༧]ཞུན་མར་དང་། མར་གྱི་

ཉིང་གུས[༨]བསྐྱེད་བསྲིངས་ཏེ་མཚོའི༐ནང་གི[༩]་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་་
ཏོ༑
དེ[༡༠]་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་། ཤོད་དགོད་
པ་དང་
ལག་རྩིས་དང་དབྱུང་བ་དང་། སྦ་བ་དང་དགྲམ་པ་དང་གོས་བརྟག་པ་
དང་ནོར་བུ་བརྟག་པ་དང་རིན་པོ་ཆེ[༡༡]་བརྟག་པ་དང་། སྤོས་བརྟག་པ་དང་སྨཱན་
བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་
а-----о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*