www.dharmabook.ru tibetan OCR


ལས་བརྒྱ་ཐམ་པ་པ། 4
ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་
ཁམས་དང་རླུང་གི་ཁམས་
ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་
དང་མི་དགེ་བ་བྱས་ཤིང་བསགས་པ་
རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་
མཆེད་རྣམས་
འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། ལུས་ཅན་དག་གི་
ལས་[༢]རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་
པ་ན།
འབྲས་བུ་ཉིད་དུ་སྨིན་པར་འགྱུར། དགེ་སློང་དག་སྔོན་བྱུང་བ་འདས་
པའི་དུས་ན།
བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི[༢]་ཚེ་ལོ་ཉི་ཁྲི་ཐུབ་པ་ན།
ཡང་དག་པར་རྫོགས་པའི་སངས་རྒྱས་རིག་[༤]པ་དང་ཞབས་སུ་ལྡན་པ་བདེ་བར་་་་
གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་
གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་
ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་
འཇིག་རྟེན་དུ་བྱུང་སྟེ།
དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་
མང་ལ་ལོངས་སྤྱོད་ཆེ་བ།
ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་
ཀྱི་བུའི་ནོར་དང་ལྡན་པ།
རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་[༥]གནས་ཏེ།
ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླཱ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་
གཟུགས་བཟང་ཞིང་།
བལྟ[༦]་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེ་གང་གི་
ཚེ་
ཆེར་སྐྱེས་པ་དེའི་ཚེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་
བསྟན་[༧]པ་ལ་དད་པ་རྙེད་ན་ས། ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ་། རབ་ཏུ་
བྱུང་ནས་སྡེ་སྣོད་གསུམ་
བསླབས་ཏེ། དེ་རིག[༨]་པ་དང་གྲོལ་བའི་སྤོབས་པ་དང་
ལྡན་པ
འི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན[༩]་དང་ནད་གསོས་
དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས། དེས[༡༠]་བསམས་པ་མ་ལ་བདག་གིས་
རྙེད་པ་དང་བཀུར་སྟིའི་སྒོ་ནས། རྙེད་པར་བྱ་བ་རྙེད་པ་གང་ཡིན་པ་དེས།
7з----23

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*