www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
འགགས་པས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགའ་བ་བཞིན་དུ་གྱིས་ཤིག དེ་
ནས་དེ་སྐད[༡]
ཐོས་པའི་མོད་ལ། ཁྱིམ་བདག་དེས། དགེ་སློང་དེ་བདག་གི་[༢]
ཁྱིམ་དུ་ཁྲིད་དེ།
སྨན་པའི་ལུང་བཞིན་དུ་ཡོ་བྱད་ཐམས་ཅད་ཀྱིས་ནད་གཡོག་
བྱས་སོ། དགེ་སློང་དེས་ཀྱང་ཁྱིམ་དེ་ཉིད་ན་འདུག་བཞིན་དུ་ནད་ཀྱིས་སྐྱོ་བར་
གྱུར་ནས།
བརྩོན་པ་དང་བསྒྲུབ[༢]་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་
སྤངས་ནས།
དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ དེས་དགྲ་བཅོམ་
པ་ཐོབ་
ནས་ཕ་མ་གཉིས་དང་ཁྱིམ་གྱི་མི་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་
ཁམས་དང་རང་བཞིན་རྟོགས[༥]་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་
ནས་ཁྱིམ་བདག་དེ་
འཁོར་དང་བཅས་པས[༦]སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་
ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་
ཉི་ཤུ་ཡེ་ཤེས་རྡོ་རྗས[༧]བཅོམ་ནས། རྒྱུན་དུ་
ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ།
དེས་ཕ་མ་གཉིས་བདེན་པ་རྣམས་
ལ་བཀོད་ན་ས།
བདག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་ད་དེ། བདག་
གང་ནས་འཆི་[༨]འཕོས་
གང་དུ[༩]་སྐྱེས་སྙམ[༡༠]དུ་བསམས་ནས[༡༡]། དེས་མི་ལས་ཤི་
འཕོས་ཏེ།
མི་ཉིད་དུ་སྐྱེས་ལ[༡༢]་ཐམས་ཅད་དུ་ཡང་ནད་མང་བ་དང་། ཚེ་ཐུང་
བར་གྱུར་
པར་མཐོང་ནས། དེས་བསམས་པ་བདག་ས་སོའི་སྐྱེ་བོར་གྱུར་པས།
འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་རྨྱོང[༡༧]བར་གྱུར་ལ། ད་[༡༢]ནི་བདག་གིས་བྱ་བ་
བྱས་ཟིན་པས།
བདག་ལ་སྡུག་བསྔལ་འདི་ལྟ་བུ་ཅི་དགོས་ཀྱིས[༡༢]། མ་ལ་བདག་
ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་དུ་བསམས་ནས། འབར་བ་དང་ལམ་
མེར་འདུག་པ་དང་།
ཆར་འབབ་[༡༧]པ་དང་ཀློག་འགྱུ་[༡༧]བའི་ཆོ་འཕྲུལ་རྣམས་
བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་
སུ་མྱ་ངན་ལས་འདས་སོ།
དེ་ཡོངས་སུ་མྱ་ངན་ལས་འདས་ནས། ཕ་མ་གཉིས་
а----31

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*