www.dharmabook.ru tibetan OCR



མི་གདུང་བ་རྣམས་དང་། གྱ་ནོམ་སྣང་རྣམས་ད་ང་། ཤིན་ཏུ་མཐོང་རྣམས་
དང་༑
འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་[༡]དང་། སྡུག་
བསྔལ་བ་དང་།
སྟོང་པ་དང་། བདག་མེད་པའི་སྒྲ༐སྒྲོགས་སོ[༢]། ཚིགས་སུ་
བཅད་པ་གཉིས་
ཀྱང་རྗོད་[༢]པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས།
སངས་རྒྱས་བསྟན་ལ་སྦྱོར་བར[༤]་གྱིས། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།
འཆི་བད་ག་སྡེ་ནི་གཞོམ་པར་གྱིས། གང་ཞིག་ཆོས་འདུལ་འདི་ཉིད་ལ། བག་
ཡོད་སྤྱོད་པ
ར་བྱེད་པ་ནི། སྐྱེ་བའི་འཁོར་བ་རབ་སྤངས་ནས། སྡུག་བསྔལ་
ཟད་པར་བྱེད་པར་
འགྱུར། ཞེས་རྗོད་[༨]པར་བྱེད་དོ། དེ་ནས་འོད་ཟེར་
དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་བསྐོར་ནས་བཅོམ་
ལྡན་འདས་
ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་
ལས་ལུང་སྟོན་པར་བཞེད་ན་ནི།
བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་
བར་འགྱུར་རོ།
མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་
མི་སྣང་བར་འགྱུར་རོ། སེམས་ཅན་དམྱལ༐བར་སྐྱེ་བར[༦]་ལུང་སྟོན་པར་བཞེད་
ན་ནི་ཞབས་ཀྱི་མཐིལ་དུ་
མི་སྣང་བར་འགྱུར་རོ། དུད་འགྲོར་སྐྱེ་བར་ལུང་སྟོན་
པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་
མི་སྣང་བར་འགྱུར་རོ། ཡི་དགས་སུ་སྐྱེ་བར་
ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་
མི་སྣང་བར་འགྱུར་རོ། མིར་སྐྱེ་
བར་ལུང་སྟོན་པར་བཞེད་ན་ནི་པུས་
མོ་གཉིས་སུ་མི་སྣང་བར་འགྱུར་རོ། སྟོབས་
ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་་་་་
མཐིལ་དུ་
མི་སྣང་བར་འགྱུར་རོ། འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་
བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་
མི་སྣང་བར་འགྱུར་རོ། ལྷར་སྐྱེ་བར་ལུང་
སྟོན་པར་བཞེད་ན་ནི་ལྟེ་བར་
མི་སྣང་བར་འགྱུར་རོ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་
а----12о-

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*