www.dharmabook.ru tibetan OCR



གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་
འདས་ཀྱི་ཕྱི་བཞིན་འབྲང་སྟེ།
གལ་ཏེ་བཅོམ་ལྡན་འདས་ཀྱིས་འད་ས་པའི་ལས་
ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་
མི་སྣང་བར་འགྱུར་
རོ༑
མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་
འགྱུར་རོ།
སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་
ཀྱི་མཐིལ་དུ་
མི་སྣང་བར་འགྱུར་རོ། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་
ནི་ཞབས་ཀྱི་རྟིང་པར་
མི་སྣང་བར་འགྱུར་རོ། ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་
བཞེད་ན་ནི་ཞབས་ཀྱི་མཐེ་བོར་
མི་སྣང་བར་འགྱུར་རོ། མིར་སྐྱེ་བར་ལུང་སྟོན་
པར་བཞེད་ན་ནི་པུས་
མོ་གཉིས་སུ་མི་སྣང་བར་འགྱུར་རོ། སྟོབས་ཀྱི་འཁོར་ལོས་
སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་
མི་སྣང་་་་་་་
བར་འགྱུར་རོ།
འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་
གཡས་པའི་མཐིལ་དུ་
མི་སྣང་བར་འགྱུར་རོ། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་
ན་ནི་ལྟེ་བར་
མི་སྣང་བར་འགྱུར་རོ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་
བཞེད་ན་ནི་ཞལ་དུ་
མི་སྣང་བར་འགྱུར་རོ། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་
སྟོན་པར་བཞེད་ན་ནི་
སྨིན་མཚམས[༡]་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་
དབུའི་
གཙུག་ཏོར་དུ་
མི་སྣང་བར་འགྱུར་རོ། དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་
འདས་ལ་ལན་གསུམ[༢]བསྐོར་བ་བྱས་ཏེ།
བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་
མཛོད་སྤུ
ར་མི་སྣང་བར་གྱུར་ཏོ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་
སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ།
ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན།
མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་
7а----134

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*