www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་་
མ་མཆིས་པར་འཛུམ་པ་
སྟོན་པར་མི་མཛད་ན། བཙུན་པ་འཛུམ་པ་མཛད་པའི་
རྒྱུ་
གང[༡]་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་དེ་ནི་
དེ་བཞིན་ནོ། དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་་་་
རྐྱེན་མེད་པར་འཛུམ་པ་མི་མཛད་དོ།
ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེ་གང་གིས་
དེ་
བཞིན་གཤེགས་པ་ལ་ཤིང་རྟ་བསྟབས་པ་མཐོང་ངམ། བཙུན་པ་མཐོང་ལགས་
ས་སོ༑
ཀུན་དགའ་བོ་བྲམ་ཟེ་འདི་ནི། དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་
གསུམ་
གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་
དུ་ལྷ་
རྣམས་ད་ང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཞིང་[༢]འཁོར་བར་གྱུར་་་་
ན་ས་སྲིད་
པ་ཐ་མ་དང་གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་
ལ༑
དེས་སློབ་ད་པོན་མེད་པ་དང་མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་
འཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ན་ས། རང་སངས་རྒྱས་ཀྱི་བྱང་
ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ།
རང་སངས་རྒྱས་ཤིང་རྟ་སྦྱིན་ཞེས་བྱ་
བར་འགྱུར་རོ། དེའི་སྦྱིན་པར་བྱ་བའི་ཆོས་ནི་འདི་ཡིན་ནོ།
སྒམ་པོ་ཞེས་བྱ་བ་ནི། གླེང་གཞི[༢]་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་
ཚེ་སེམས་ཅན་
ཞིག་[༤]སེམས་ཅན་དམྱལ་བར་སྐྱེས་ྐྱེས་ཏེ་ལུས་ཆེ་ཞིང་ད་མུས་ལོང་དུ་
འདུག་ལ་དེའི་ལུས་རིལ་གྱིས་རྨས་ཞུ་ལུབ་ཏུ་ཡོག་སྟེ། དེའི་སྤྱི་བོ་མན་ཆད་རྐང་
མཐིལ་ཡན་ཆ་ད་སྲིན་ཞུགས་པས་དེ་ནད་མ་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ།
དེ་གལ་ཏེ་ཐང་ལ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་སེང་གེ་དང་། སྟག་དང་།
གཟིག་ད་ང་། དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ།
а---140

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*