www.dharmabook.ru tibetan OCR



ཉིད་ཐོབ་ནས་བསམས་པ། བདག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ[༡]
སྙམ་པ་དང་། དེས་ཐོག་མ་ཁོ་ནར་ཕ་མ་གཉིས་འདུལ[༢]་བར་འགྱུར་བ་མཐོང་
ངོ་༑
མཐོང་ནས་ཀྱང་དེ་གཉིས་ཀྱི་ཐད་དུ་སོང་སྟེ་ཆོས་བསྟན་ན་ནས། སྡིག་པའི་
ལས་དེ་
ལས་བཟློག་སྟེ། བདེན་པ་རྣམས་དང་སྐྱབས་སུ་འགྲོ་བ་དང་བསླབ་པའི་
གནས་
རྣམས་ལ་ཡང་བཀོད་ད་དོ། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ཡང་
བཙུད་
དེ་དེས་ཁྱིམ་ད[༢]སློང་བའི་སྐྱེ་བོ་རྣམས་ཀྱི་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ།
དགེ་སློང་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལ་ཡང་བཟའ་བ་དང་བཅའ་བ་གཙང་མ་་་་་
བཟང་པོ་སྦྱ
ར[༤]ཏོ། དེས་ཀྱང་བདག་ཉིད་ཀྱང་ལོངས་སྤྱོད་པར༐བྱེད་ལ་ཚངས་
པར་སྤྱོད་པ[༥]་གཞན་དག་
ལ་ཡང་སྦྱིན་པར་བྱེད་དོ། དེ་ནས་དགེ་སློང་རྣམས་
ཀྱིས་
བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་འདིས་ལས་ཅི་བགྱིས་ན།
ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི༐ཤན་པའི་[༧]
རིགས་སུ་
ཡང་སྐྱེས་ལ། སྡིག་པའི་ལས་ལ་ཡང་སེམས་མ་ཞུགས། བཅོམ་ལྡན་
འདས་ཀྱང་འདི
ས་མཉེས་པར་བགྱིས་ཏེ། མི་མཉེམ[༨]པར་མ་བགྱིས་བཅོམ་ལྡན་
འདས་
ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་ནས་ཉོན་རྨོངས་པ༐ཐམས་ཅད[༩]་སྤངས་ཏེ།
དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཁྱིམ་པའི་ཚེ་དང་རབ་ཏུ་བྱུང་བའི་ཚེ་ན་
ཡང་བཟའ་བ་
དང་བཅའ་བ་བཟང་པོ་དང་ལྡན་པར་གྱུར་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ།
སྨོན་ལམ་གྱི་དབང་ལས་གྱུར་ཏོ། བཙུན་པ་འདིས་
གང་དུ་
སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན།
རི་ཁྲོད་ཅིག་ན་ཤན[༡༠]པ་མང་པོ་ད་ག ཅིག སྐྱད[༡༢]་མོས་ཚལ་གྱི[༡༢]་ནང་དུ་དོང་སྟེ་
བཟའ་བ་དང་བཅའ་བ་བཟང་པོ་མང་པོ་བཤམས་པ་ལས། རང་སངས་རྒྱས་ཞིག[༡༢]
སྐྱད[༡༨]་མོས་ཚལ་དེར་བསོད་སྙོམས་ལ་འོངས་ནས། དེ་ཤན[༡༠]པའི་མི་ཞིག་གིས་
а----177

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*