www.dharmabook.ru tibetan OCR


བཀའ་འགྱུར། མདོ་། སྟོཀི
རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་
དག་
པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། མཐོང་ནས་
ཀྱང་མཆོག་ཏུ་དགའ་བ་
སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་་་
བའི་སེམས་ཅན་གྱིས་
དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་
བུ་ནི་
ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་
ཉམས་བ
དེ་བ་དེ་[༡]ལྟ་བུ་སྐྱེ་བར་མི་འགྱུར་རོ། དེ་ལྟར་མཐོང་ནས་ཀྱང་དགའ་བ་
སྐྱེས་ཏེ་
ཕན་ཚུན་དུ་བལྟས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ[༢]་ན། བདག་
གིས་མེ་ཏོག་
ག་ལས་བླང་བ་སྙམ[༢]་པ་དང་དེས་ཐག་མི་རིང་བ་ཞིག་ན་ཀོ་ཤ་ཏ་ཀའི་
མེ་ཏོག་
དག་ཅིག་མཐོང་ནས་དེས་དེ་དག་བླངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་
དུ་སོང་ནས་
བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ། བཅོམ་
ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་
ཆོས་མཉན་[༤]པའི་ཕྱིར་བཅོམ་
ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།
དེ་ནས་བཅོམ་ལྡན་འད་ས་ཀྱིས་དགོངས་ན།
བུ་མོ་འདི་ནི་ཚེ་ཐུང་སྟེ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་དུ་ཐུགས་སུ་་
ཆུད་ནས་
བཅོམ་ལྡན་འདས་ཀྱིས་དེ་དང་འཚམ་པའི་ཆོས་བསྟན་ཏོ། དེ་ནས་
དེས་ཀྱང་
བཅོམ་ལྡན་འདས་ཀྱི་[༨]བཀའ་མཆིད་ཀྱི་མཇུག་[༦]རྫོགས་པར་རིག་ནས་
བཅོམ་ལྡན་འད་ས་ཀྱི་
ཐད་ནས་སོང་ངོ་། དེ་སོང་ནས་རིང་པོར་མ་ལོན་པར་
འབྱུང་བ་ཆེན་པོ་མ་སྙོམས་པར་གྱུར་ནས་དེ་བཅོམ་ལྡན་འད་ས་ལ་སེམས་དགའ་
བཞིན་དུ་
ཤི་འཕོས་ཏེ་[༧]དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་ས་སོ། ལྷའི་བུའམ་
ལྷའི་བུ་མོ་སྐྱེས་
མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ[༨]་སྐྱེ་བར་འགྱུར་ཏེ།
གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། དེ་ནས་བཅོམ་
འདས་
ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ་དེ་ལ་སེམས་དགའ་བར་གྱུར་པར[༩]
а----190

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*