www.dharmabook.ru tibetan OCR



ད་གའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་
དང་༑
ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་
དང་༑
འོད་ཆུང་རྣམས་དང་ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་
དང་༑
དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་
དང་༑
སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ[༡]
་རྣམས་དང་།
མི་ཆེ[༢]རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་
རྣམས་དང་།
ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་
སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་
པའི་སྒྲ༐
སྒྲོགས་སོ[༢]། ཚིགས་སུ་བཅད་[༤]པ་གཉིས་ཀྱང་རྗོད་པར་བྱེད་དེ[༥]།
ངེས་པར་འབྱུང་བ་བརྩམ་པར་གྱིས། སངས་རྒྱས་བསྟན་ལ་སྦྱོར་བར་གྱིས།
འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། འཆི་བདག་སྡེ་ནི་གཞོམ་པར་གྱིས།
གང་ཞིག་ཆོས་འདུལ་འདི་ཉིད་ལ། བག་ཡོད༐སྤྱོད་པར[༦]་བྱེད་པ་ནི། སྐྱེ་བའི་
འཁོར་བ་རབ་སྤངས་ནས།
སྡུག་བསྔལ་ཟད་པར་བྱེད་པར་འགྱུར། ཞེས་རྗོད་[༧]
པར་བྱེད་དོ།
དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་
ཁམས་བསྐོར་ནས། བཅོམ་ལྡན་འདས་ཀྱི[༨]ཕྱི་བཞིན་འབྲང་སྟེ། གལ་
ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་
འདས་ཀྱི་སྣམ་ལོགས་སུ་
མི་སྣང་བར་འགྱུར་རོ། མ་འོངས་པའི་ལས་ལུང་སྟོན[༩]
་པར་བཞེད་ན་ནི་མདུན་ལོགས་སུ་
མི་སྣང་བར་འགྱུར་རོ། སེམས་ཅན་དམྱལ་
བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་
མི་སྣང་བར་འགྱུར་རོ།
དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་
འགྱུར་རོ།
ཡི་ད་གས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་
а----198

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*