www.dharmabook.ru tibetan OCR



སྣང་བར་འགྱུར་རོ། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན[༡]་ནི་པུས་མོ་གཉིས་སུ་
ི་སྣང་བར་འགྱུར་རོ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་
བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་
མི་སྣང་བར་འགྱུར་རོ། འཁོར་ལོས་སྒྱུར་
བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་[༢]པའི་མཐིལ་དུ་
མི་སྣང་བར་་་་
འགྱུར་རོ།
ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་
རོ༑
ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་
འགྱུར་རོ།
རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་
མཚམས་ཀྱི[༢]་མཛོད་སྤུར་
མི་སྣང་བར་འགྱུར་རོ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་
དབུའི་གཙུག་ཏོར་[༤]དུ་མི་སྣང་་་་
བར་འགྱུར་རོ།
དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་
བསྐོར་བ་བྱས་ཏེ།
བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་[༥]སྤུར་མི་
སྣང་བར༐
གྱུར་ཏོ[༦]། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ།
བཅོམ་ལྡན་འདས་ལ་ཞུས་པ། ཚོན[༧]སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། མང་
པོ་ཞལ་
གྱི་སྒོ་ནས་བྱུང་བར་གྱུར། དེ་ཡིས་ཕྱོགས་རྣམས་ཀུན་དུ་སྣང་བར་བགྱིས།
ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། ཡང་ཚིགས་སུ་བཅད་དེ་གསོལ་པ།
རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། སངས་རྒྱས་འགྲོ་བ་དག་
གི་
དམ་པའི་རྒྱུར་གྱུར་པ། རྒྱལ་བ་ད་གྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པ་ར།
པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། བརྟན་པོ་ཉིད་ཀྱི་བློ་ཡིས་
དུས་བབ་མཁྱེན་ལགས་ན། དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི[༨]འཚལ་བ་
རྣམས༑
ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། བཟང་པོ་དག་
གིས་
ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་
а----199

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*