www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
བསྐྱེད་[༡]དོ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ས་སོ།
ཁ་ཅིག་གིས་ནི་ལན་ཅིག་[༢]ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་
ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་
བྱས་སོ། ཁ་ཅིག་གིས་ནི་
རབ་ཏུ་བྱུང་ན་ས་
དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་
འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི་
སྟོབས་ཀྱི་
འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་
འགྱུར་བ་དང་།
ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་
ཉན་ཐོས་ཀྱི་[༤]བྱང་ཆུབ་
དང་ཁ་ཅིག་གིས་ནི་[༥]རང་སངས་རྒྱས་ཀྱི་བྱང་ཆུབ་དང་།
ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་་་་
ད་དོ༑
འཁོར་དེ་དག་གི་[༧]ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་
འབབ་
དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་ད་དོ།
དགའ་བྱེད་ཅེས་བྱ་བ་ནི། གླེང[༨]་གཞི[༩]་མཉན་དུ་ཡོད་པ་ན་བཞུགས་ཏེ།
ཚེ་ད་ང་ལྡན་པ་དགའ་བྱེད་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་་་་་་་
བར་བྱེད[༢༢]། ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ[༡༡]་བར་
བྱེད་༑
མིའི་ན་ང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ[༡༢]། ཕྱིར་འོངས[༡༨]
་ནས་
སེམས་ཅན་དམྱལ་བ་རྣམས་ཀྱི་གཅད[༡༢]་པ་ད་ང་གཏུབ[༡༢]་པ་དང་བརྡེག་པ་དང་
བཙོ་བ་ལ་[༡༧]སོགས་པའི་
སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་[༡༧]པར་
བྱེད་དོ།
ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་[༡༨]བཀྲེས་པ་ད་ང་སྐོམ་པ་དང་
འབར་བ་དང་
བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་།
དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་།
མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་
а----352

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*