www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
ཅན་དམྱལ་བར་གཞོལ་བར་གྱུར་ཏོ། ད་[༡]ལྟར་ཡང་ངས་བཀག་བཞིན་དུ་ཤཱ་
རིའི་བུ་དང་མཽད་གལ་གྱི་བུ་གཉིས་
ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་་
བར་གཞོལ་བར་གྱུར་ཏོ།
དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་
ཞུས་པ།
བཙུན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱིས་ལས་ཅི་བགྱིས་ན་
ལས་དེའི་རྣམ་པར་སྨིན[༢]་པས་
དགེ་སློང་དེས་མང་པོའི་ནང་དུ་བདེན་པ་མ་ལགས་
པ་དང་
ཡང་དག་པ་མ་ལགས་པ་དང་གསོག་དང་རྫུན[༢]་གྱི་ཚིག་དང་གཞི་མ་མཆིས་་
པར་
ཕམ་པའི་ཆོས་ཀྱིས་སྐུར་[༤]པ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ།
དགེ་སློང་དག་འདི་གཉིས་ཀྱིས་སྔོན་གྱི་ལས་བྱས་ཤིང་བསགས་པ་[༥]
རྣམས་ནི་
ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་
དང་མེའི་ཁམས་ད་ང་རླུང་གི་ཁམས་
ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་
དགེ་བ་ད་ང་མི་དགེ་བ་བྱས་ཤིང་བསགས་པ་
རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་
དང་སྐྱེ་མཆེད་རྣམས་
འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། ལུས་ཅན་
དག་གི་ལས་རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་
བབ་པ་ན།
འབྲས་བུ་ཉིད་དུ་སྨིན་པར་འགྱུར[༦]། དགེ་སློང་དག་སྔོན་བྱུང་བ་
འདས་པའི་དུས་ན་གྲོང་ཁྱེར་
རྡུལ་ལྡན་ཞེས་བྱ་བའི་གནས་གཅིག་ཅིག་ན། དཀའ་
ཐུབ་ཅན་
གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཉིས་ཤིག་འཁོད་ད་དེ། གྲོང་ཁྱེར་
དེ་ན་སྐྱེ་
བོའི་ཚོགས་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བ་དང་བླ་མར་བྱ་བ་དང་རི་་
མོར་བྱ་བ་དང་
མཆོད་པར་བྱ་བ་ད་ང་ད་གྲ་བཅོམ་པར་བཀུར་བར་གྱུར་ཏེ། རྙེད་
པའི་མཆོག་དང་གྲགས་པའི་མཆོག་དང་ལྡན་པ
ར་གྱུར་ཏོ། དེའི་ཚེ་རིའི་་
སུལ་
ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་་
གཡོག་འཁོར་ལྔ་བརྒྱ་ད་ང་ལྡན་པ་ཞིག་གནས་ཏེ། དེ་ཡང་བདག་ཉིད་ཆེ་བ་
а----398

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*