www.dharmabook.ru tibetan OCR


བཀའའགྱུར། མདོ་སྡེ། ཀི
ད་ལྟར་ཡང་ངས་འདི་རྣམས་འཇིགས་པ་ཆེན་པོ་ལས་བསྐྱབས ནས། གཡུང་
དྲུང་གི་
མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་ད་དོ།
གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་
རྣམས་རབ་ཏུ་བྱུང་སྟེ།
རབ་ཏུ་བྱུང་ནས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་
སྤྱད་ནས།
འཆི་ཀར་[༢]སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་བདག་
ཅག་ཡང་ད་ག་པར་རྫོགས་པའི་སངས་རྒྱས་འོད་སྲུང་
གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་་
བསྟན་[༢]པ་
གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་་
གྱུར་ཅིག
མི་མཉེས་པར་བྱེད་པར་མ་གྱུར་ཅིག དེ་ཁོ་ནའི་བསྟན་པ་ལ་རབ་
ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།
དགྲ་བཅོམ་པ་ཉིད་མངོན་སུམ་
དུ་བྱེད་པར་
ཤོག་ཅིག་ཅེས་བྱས་ས་སོ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་
ཡང་དག་པར་རྫོགས་པའི་སངས་རྒྱས་
འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་
དགེ་སློང་ལྔ་བརྒྱ[༤]་པོ
ར་གྱུར་པ་གང་ཡིན་པ་དེ་དག་ནི། ཚོང་པ་ལྔ་བརྒྱ་པོ་འདི་
དག་
ཉིད་ཡིན་ཏེ། འདི་དག་དེར་རབ་ཏུ་བྱུང་ནས། ཆེ་གཅིག[༥]་ཏུ་ཚངས་པར་
སྤྱོད་པ་སྤྱད་དེ།
འཆི་ཀར[༦]་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་
ཅག་
ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་
ཟེའི་ཁྱེའུ་བླ་མ་
ལུང་བསྟན་[༧]པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་་་་་
མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པར་བྱེད་པར་མ་གྱུར་ཅིག དེ་ཁོ་
ནའི་
བསྟན་[༨]པ་ལ་རབ་ཏུ་བྱུང་ན་ས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ[༩]། དགྲ་
བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་
གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་
ད་ག་ང་[༡༧]
ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་་་་་
དང་
ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་[༡༡]
а----426

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*