www.dharmabook.ru tibetan OCR


ལས་བརྐྱ་ཐམ་པ་པ།
ཏེ་གཅིག་པུ་མཆིས་པར་ད་གའ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ།
དགེ་སློང་དག་འདི་ནི་རང་བཞིན་གྱིས་ཚེ་རབས་དྲན་ལ། འཁོར་བར་
འཁོར་བ་ན་
འདིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་ཡང་རྨྱོང་བར་གྱུར་ཏེ།
འདིས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུ་གནས་པར་དགའ་བར་གྱུར་ཏོ།
བཙུན་པ་འདིས་གང་དུ་འདུ་འཛིའི་ཉེས་པ་བསྐྱེད ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ།
དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་
བཟང་པོ་འདི་ཉིད་ལ་སྐྱེ་དགུའི[༢]་ཚེ་ལོ་ཉི་ཁྲི་ཐུབ་པ་ན།
ཡང་དག་པར་རྫོགས་
པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།
བདེ་བར་གཤེགས་པ། འཇིག་
རྟེན་མཁྱེན་པ།
སྐྱེས་བུ༐གདུལ་བྱའི[༢]་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་
མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་་་
དུ་བྱུང་སྟེ།
དེའི་གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པ་འདུ་
འཛི་མང་བར་
གྱུར་ནས། འདུ་འཛིའི་ཉེས་པ་དེས་ཚུལ[༤]་ཁྲིམས་འཆལ་པར་གྱུར་
ཏེ༑
ཚུལ་ཁྲིམས་འཆལ་པ་དང་། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་
དཀོར་དང་།
འཚོ་བ་ན་ར་མ་ད་ང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་
ནས༑
ཅི་འདོད་པར་སྤྱད་དེ་གཞན་དག་ལ་ཡང་བྱིན་ན་ནོ། དགེ་སློང་དག་ཇི་
སྙམ་དུ་སེམས།
དེའི་ཚེ་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། ད་གེ་སློང་
འདི་ཁོ་ན་ཡན་ཏེ།
དེ་དེར་རབ་ཏུ་བྱུང་ནས་དགེ་འདུན་གྱི་དཀོར་དང་མཆོད་
རྟེན་
གྱི་དཀོར་དང་འཚོ་བ་ན་ར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་
ནས༑
ཅི་འདོད་པར་སྤྱད་དེ། གཞན་ད་ག་ལ་ཡང་བྱིན་ན་ནས། ཁོང་དགེ་བ་
རྣམས་ལ་ངོར་བྱས་པའི་ལས་དེའི་རྣམ་པར་སྨིན་པས། འདི་ཚེ་རབས་ལྔ་བརྒྱར་
ཡི་དགས་
སུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་ཉམས་སུ་རྨྱོང་ངོ་། དེས་སྡུག་བསྔལ་དེ་
а----[39

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*