www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
དང་༑ སེམས་བསྐྱེད་མ་ཐག་ཏུ་ཁྱེའུ་དེའི་བྱད་བཞིན་མི་སྡུག་པ་དེ་དང་དྲི་མི་ཞིམ་
པ་དེ་
མེད་པར་གྱུར་ཏོ། དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བ་
སྐྱེས་ཏེ།
དེ་ད་གའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་
སྦྱར་བ་བཏུད་དེ།
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཙུན་པ་
བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་[༡]བ་དང་བསྙེན་་་་
པར་རྫོགས་
ཤིང་ད་གེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན[༢]། བདག་ཀྱང་བཅོམ་
ལྡན་འདས་ཀྱི་
ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། དེ་ནས་བཅོམ་
ལྡན་འདས་ཀྱིས་དེ་ལ་
དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་སྟེ། བསྙེན་
པར་རྫོགས་པར་མཛད་ན་ས་དེ་
ལ་ལུང་ཡང་ཕོག་གོ། དེས་ཀྱང་བརྩོན་པ་དང་།
བསྒྲུབ་[༢]པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་
པ་ཉིད་མངོན་སུམ་དུ་བྱས་ཏེ།
དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་
དང་བྲལ་བར་
གྱུར་ན་ས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་
ལག་མཐིལ་དུ་
འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་
བར་གྱུར་པ།
རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་
ཤེས་པ་དང་།
སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་།
ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ[༤]། དབང་པོ་དང་། ཉེ་དབང་ད་ང་
བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད[༥]
པ་དང་། གུས་པར་སྨྲ་བའི་གནས་
སུ་གྱུར་ཏོ།
དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ།
བཙུན་པ་དགེ་སློང་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མི་
སྡུག་པའི་སྣ་གྲངས་བ་ཅྭ[༦]་བརྒྱད་ད་ང་ལྡན་པར་སྐྱེས་ལ་ལུས་ཐོག་ཐག་ནས་ཕྱི་སའི་་་་
དྲི་
འབྱུང་བར་གྱུར་ལགས། ལས་ཅི་བགྱིས་ན་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་
7а----458

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*