www.dharmabook.ru tibetan OCR


བཀའ་འགྱུར། མདོ་སྡེ། ཀི
ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་ཤིན་ཏུ་མི་ད་གའ་བར་གྱུར་ཏེ། མི་དགའ་བར་
གྱུར་པ་དེས་
ན་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་ད་དོ། དགེ་
སློང་དག་ཇི་སྙམ་དུ་སེམས།
དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་
སྤྱོད་
པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། དེའི་ཚེ་བྲམ་ཟེའི་ཁྱེའུར་
གྱུར་པ་
གང་ཡིན་པ་དེ་ནི་ནག་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་འཆི་བས་
འཇིགས་ཤིང་སྐྲག་ནས།
ངས[༡]་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་
བཞག་གོ།
ད་ལྟར་ཡང་འདི་འཆི་བས་འཇིགས་ཤིང་[༢]སྐྲག་ནས་ངས་རབ་ཏུ་
ཕྱུང་སྟེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་
པ་ལ་བཞག་ག་གོ།
གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་
གསུང་རབ་ལ་
འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་
པར་
སྤྱོད་པ་སྤྱད་པ་དང་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ན་ད[༢]་ལྟར་རྣམ་
པར་གྲོལ་བར་གྱུར་ཏོ།
 
མདའ་ཐོགས་ཞེས་བྱ་བ་ནི། ཡུལ་སེར་སྐྱའི་གནས་ན་ཤཱཀྱ་དབྱུག་ཐོགས་ཞེས་
བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་
ཆེ་བ་
རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང༐འགྲན་པ[༤]
་ཞིག་གནས་པ་དེས།
རིགས་མཉམ་པ་ལས་ཆུང་མ་བླངས་ ཏེ་དེ་དེ་དང་ལྷན་
ཅིག་
ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་
ཆགས་
ནས་དེ་ཟླཱ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ[༦]་ན་་་་་
སྡུག་ལ་མཛེས་པ་ཞིག་
བ་ཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདི[༧]
མིང་
ཇི་སྐད༐གདགས་ཞེས་[༨]མིང་འདོགས་པར་བྱེད་དེ[༩]། ཁྱེའུ་འདི་དབྱུག་
ཐོགས་
ཀྱི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་མདའ་ཐོགས་ཞེས་གདགས་ས་ཞེས་
а----5བྱ2

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*