www.dharmabook.ru tibetan OCR


ལས་བརྐྱ་ཐམ་པ་པ།
བླ་གོས་ཕྲག་པ་གཅིག་ཏུ་གཟར[༡]་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་་
མོ་སྦྱར་བ་བཏུད་དེ།
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཙུན་
པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་[༢]བ་དང་བསྙེན་
པར་རྫོགས་
ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་
འདས་ཀྱི་
ཐད་དུ་ཚངས་པར་སྤྱོད་པ་སྤྱད[༢]་པར་འཚལ་ལོ། དེ་ནས་བཅོམ་ལྡན་
འདས་ཀྱིས་དེ་ལ་
དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ།
བསྙེན་པར་རྫོགས་པར་མཛད་ན་ས་དེ་ལ་ལུང་ཡང་ཕོག་གོ། དེས་ཀྱང་བརྩོན་པ་
དང་བསྒྲུབ[༤]་པ་དང་
འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་
པ་ཉིད་མངོན་སུམ་དུ་བྱས་ཏེ།
དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་
ད་ང་བྲལ་བར་
གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་
མཐིལ་དུ[༥]
འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུ་བསིལ་བར་
གྱུར་པ།
རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་
དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ།
སྲིད་པའི་རྙེད་པ་དང་ཆ་གས་པ་ད་ང་
བཀུར་སྟི་ལ་མི་ལྟ་བ།
དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས།
མཆོད་ཅིང་རྗེད[༦]་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། དེ་ནས་དགེ་སློང་
རྣམས་ཀྱིས་
སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེའི་ཁྱེའུ་
འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་
ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ།
བསྟན་བཅོས་ཐམས་ཅད་རྟོགས་ཏེ།
གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་ནས། འདིས་བཅོམ་ལྡན་འདས་
མཉེས་པར་བགྱིས་ཏེ་མི[༧]་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་
པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ།
དགྲ་བཅོམ་པ་ཉིད་
7а----565

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*