www.dharmabook.ru tibetan OCR


བཀའའགྱུར། མདོ་སྡེ། ཀི
དུ་རྟ་དེད་[༡]དེ་བཱ་རཱ་ཎ་སཱིར་ལྷགས་སོ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་
བྱང་ཕྱོགས་ནས་ཚོང་པ་དག་གིས་ཟོང་དུ་རྟ་དེད་དེ་འོང་ས་སོ་ཞེས་ཐོས་ནས་ཐོས་་
མ་ཐག་ཏུ་
རྒྱལ་པོ་དེས་རྟ་[༢]བརྟག་པ་ལ་མཁས་པའི་མི་དག་བཏང་སྟེ་ཁྱེད་དེང[༢]་ལ་
ཟོང་
དུ་རྟ་དེད་དེ་འོངས་པ་ཐམས་ཅད་ཉོས་ཤིག[༤] ལྷག་པར་ཡང་དེ་དག་གི་
ནང་ན་རྟ་ཅང་ཤེས་
འགའ་ཡོད་ཀྱང་སྲིད་ཀྱིས[༥]ལྟོས་ཤིག་ཅེས་བསྒོའོ[༦]། དེ་ནས་
རྒྱལ་པོ་ཚངས་པས[༧]བྱིན་གྱི༐
ཞབས་འབྲིང[༨]་བ་རྣམས་ཀྱིས་ལྷ་བཀའ་སྩལ་པ་བཞིན་
འཚལ་ལོ་ཞེས་
གསོལ་ནས། རྟ་དེ་དག་ཐམས་ཅད་ཉོས་ཏེ་དེ་དག་གིས་བལྟས་ན།
དེའི་ནང་ན་རྟའི་མཆོག་གང་ཡིན་པ་དེ་རྟ་ཅང་ཤེས་ཡིན་པར་གྱུར་ནས་དེ་དག་
གིས་
རྒྱལ་པོ་དེ་ལ་གསོལ་ཏོ། དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ[༩]་ཤིན་ཏུ་མགུ་
བར་གྱུར་ནས་དེ་རྟའི་ཚོང་པ་དེ་དག་ལ་གསེར་དང་དངུལ་མང་པོ་བྱིན་ནོ། དེ་
ནས་ཕྱི་ཞིག་ན་
རྟ་ཅང་ཤེས་དེ་ལ་ཞོན་ནས་སྐྱེད་[༡༧]མོས་ཚལ་གྱི་སར་བྱུང[༡༡]བ་དང་།
ཉི་[༡༢]འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཚངས་པས་བྱིན་སྐྱད[༡༨]་མོས་ཚལ་དུ་བྱུང་ངོ་་
ཞེས་ཐོས་སོ།
ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་[༡༢]ནས་བཱ་
རཱ་ཎ་སཱིར་ལྷགས་ཏེ་
སྐྱད[༡༢]་མོས་ཚལ་བསྐོར་ཏེ་འཁོད་དོ། དེ་ནས་རྒྱལ་པོ་ཚངས་
པས་བྱིན་
ཅི་བྱ་གཏོལ་མེད་པར་གྱུར་ཏེ། ད་གར་འགྲོ་བར་བྱ་སྙམ་ནས་དེས་
ཐམས་ཅད་བོར་ཏེ་རྟ་ཅང་ཤིས་ལ༐ཞོན་ནས་སྐྱད[༡༧]མོས་ཚལ་གྱི་ས་ནས་ཕྱིར་འབྱུང་
ངོ་སྙམ་པ་ལས་བལས་བལྟ
ས་ནས་སྐྱེད་[༡༧]མོས་ཚལ་ཐམས་ཅད་ཕ་རོལ་གྱི་དམག་ཚོགས་་
ཀྱིས་
འཁོར་ཅིང་འདུག་གོ། རྟ་ཅང་ཤེས་ཀྱིས་ནི[༡༨]་ཆོས་ཉིད་ཀྱིས་རྒྱལ་པོའི སྲོག་
འཛིན་པར་
འགྱུར་རོ། སྐྱད[༢༢]་མོས་ཚལ་དེ་ཡང་གྲོང་ཁྱེར་གྱི་འོབས་ཀྱིས[༢༡]་ཆོད་དེ།
གྲོང་ཁྱེར་གྱི་འོབས་དེ་ཡང་ཟབ་ལ་མེ་ཏོག་པད་མས་གང་བར་འདུག་གོ། དེ་ནས་
རྟ་
ཅང་ཤེས་ཀྱིས་བསམས་པ། བདག་གིས་གུད་དུ་ནི་འབྲོས་མི་ནུས་སོ་སྙམ་ནས་
а----690

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*