www.dharmabook.ru tibetan OCR



འབག་ཚོན་སྣ་ཚོགས་ཀྱིས་བྲིས་ལ། རི་མོ་མཁན་ལ་གོ་བ་ལེགས་པར་བསྐྱེད་ན་ས།
མཛེས་པ་གཡོན་དུ་ཕུལ་ཏེ[༢]། བཀྲ་ཤིས་བརྗོད་ནས། རང་གི་གནས་ཀྱི་དབེན་
པའི་ཕྱོགས་སུ་
བཞུགས་པ་[༢]མངོན་སུམ་དུ་མི་གཡོ་བར་བསྒྲུབས་ཏེ། མེ་ཏོག་ལ་
སོགས་པས་
ལེགས་པར་མཆོད་ན་ས། ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ༐པོ་ཡང་[༤]དེ་ཉིད་ལ་
བསྟིམ་པར་བྱའོ།
གང་ཡང་དངོས་གྲུབ་འདོད་པས་སྤོས་དང་། མེ་ཏོག་དང་།
སྒྲོན་མ་དང་། ཞལ་ཟས་དང་། གོས་ལ་སོགས་པས་རྒྱུན་དུ་མཆོད་ན་སངས་
རྒྱས་ཐམས་ཅད་ཀྱི་[༦]གསང་
སྔགས་འགྲུབ་པ་ལ་གདོན་མི་ཟའོ། འདིར་སྐྱེ་བོ་
འགའ་ནི་ད་མན་པ་སྟེ། སྐུར་པ་འདེབས་ན་ཤིན་ཏུ་ཡང་ལྷུང་[༧]བར་འགྱུར་བའི་
ཕྱིར་
སྐུ་དབེན་པའི་ས་ཕྱོགས་སུ་སྦ་བར་བྱའོ། ཞི་རྒྱས་ད་བང་དང་བསད་[༨]པ་
འམ༑
རལ་གྲི་ལ་སོགས་བརྒྱད་རྣམས་དང་། མཆོག་གི་སངས་རྒྱས་ཐམས་
ཅད་ནི།
རྒྱལ་བའི་གཟུགས་བརྙན་ལས་རྙེད་འགྱུར། འཕགས་པ་མི་གཡོ་བའི་
རྟོག་པ
འི་རྒྱལ་པོ་ལས་བྲིས་སྐུའི་ལེའུ་སྟེ་གསུམ་པའོ།
དེ་ནས་ཡང་དག་བཤད་བྱ་བ། གསང་བ་རྣམ་པར་དག་བྱེད་ཅིང་།
དངོས་གྲུབ་མྱུར་ཕྱིར་གསང་སྔགས་རྣམས། རིམ་པ་དབྱེ་བ་ངོ་མཚར་ཉོན།
བཅུ་བཞིའི་དབྱངས་ལས་ཡུམ་གྱིས་བརྒྱན[༩]། གསལ་བྱེད་གཉིས་པའི་དང་པོ་ལ།
གསུམ་པའི་ལྔ་པས་ཉེ་བར་བརྒྱན[༡༠]། གསུམ་པའི་གསུམ་པ་དེར་བཞག་[༡༡]ག་གོ།
ལྔ་པའི་ལྔ་པ་བརྒྱད་པ་ལ། དབྱངས་ཀྱི་གཉིས་པས་མཛེས་པར་བྱས། མེ་དང་
དབྱངས་
བཅུ་གསུམ་པར་འབྲེལ། དྲོད་གཉིས་པ་དང་དྲག་མཐའ་འབྲེལ།
སུམ་ཅུ་[༡༢]གསུམ་དང་དབྱངས་དྲུག་འབྲེལ། ཉི་ཤུ་རྩ་ལྔ་པས་བརྒྱན་ན་ནོ། ཉི་ཤུ་
གཉིས་དང་
བཅུ་གཅིག་འབྲེལ། དེ་ལ་ཉི་ཟླས་རྣམ་བརྒྱན་[༢༢]པའོ། གསང་
---3

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*