www.dharmabook.ru tibetan OCR


བཀའ་འགྱུར། རྒྱུད་འབུམ། ཀི
-- -- ----
རྒྱལ་པོའི་ཁབ་ཏུ་ཞུགས་ནས་ཡང་འོད་མའི་ཚལ་དུ་ཞུགས་ཏེ། ལྷུང་བཟེད་བཀྲུ་
བའི་
ཕྱིར་རྫིང་བུ་རིང་པོར་ཞུགས་པ་ན། གྲགས་[༢]འཛིན་མའི་བུས་[༢]དགེ་སློང་
དཀར་པོ་དང་འཁྲུལ་ནས་རྫིང་བུར་དྲངས་[༤]པ་དང་། དེའི་ཚེ་གཞོན་ནུ་སྒྲ་་་་
ག་ཅན་འཛིན་བཟང་པོས་
རིག་པ་འདི་བཟླས་སོ། བཟླས་པ་ཙམ་གྱིས་ཇི་ལྟར་
འགའ་ཞིག་རང་གི་ཁྱིམ་ནས་བྱུང་བ་བཞིན་དུ། སྒྲ་གཅན་འཛིན་བཟང་པོ་ཡང་
དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་། ཉེ་བར་སོང་ནས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ།
ཡབ་ལགས་ཁྱེད་ཀྱིས་བདག་ལ་གསང་སྔགས་
གང་
སྩལ་བའི་མཐུ་དེ་བད་ག་[༥]གིས་མཐོང་ལགས་སོ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ།
གང་དུ་མཐོང་། ཀླུ་རྣམས་ཀྱི་[༧]དྲུང་དུའོ། དེ་ལྟ་བས་ན་
བཅོམ་ལྡན་འདས་
སྲོག་ཆགས་གཞན་ད་ག་སྲུང་[༨]བའི་སླད་དུ་སྔགས་འདི་བཅོམ་
ལྡན་འད་ས་ཀྱིས་
བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དེའི་
དུས་སུ་སྔགས་
འདི་ད་ང་། རྟོག་པ་འདི་ལག་ན་རྡོ་རྗེ་ལ་བསྐུལ་[༩]ནས་ཉན་ཐོས་
རྣམས་ད་ང་བྱང་ཆུབ་སེམས་དཔའ་རྣམས་ད་ང་།
དགེ་སློང་དང་། དགེ་སློང་མ་
དང་༑
དགེ་བསྙེན་ད་ང་། དགེ་བསྙེན་མ་རྣམས་ལ་[༡༠]བཀའ་དྲིན་གསལ་བར་
བྱས་སོ། རིགས་ཀྱི་བུ་དེའི་ཕྱིར་གསང་སྔགས་འདི་དང་། རྟོག་པ་འདི་ཙནྡན་
གྱི་
ད་ཀྱིལ་འཁོར་བྱས་ན་ས། ཀློག་པར་བྱེད་པ་དེའི་ལུས་ལ་དུག་གི་གནོད་པ་མི་
འབྱུང་༑
དུག་གིས་འཆི་བར་མི་འགྱུར། ཤུ་བའི་འཇིགས་པ་མི་འབྱུང་།
གཡན་པའི་འཇིགས་པ་མི་འབྱུང་། མཛེ་ན་ད་ཀྱི་འཇིགས་པ་མི་འབྱུང་། ནད་
ཀྱི་འཇིགས་པ་མི་
འབྱུང་། ཀླུའི་འཇིགས་པ་མི་འབྱུང་། སྦྲུལ་གྱི་འཇིགས་པ་མི་
འབྱུང་༑
སྟག་དང་གཅན་གཟན་[༡༢]གྱི་འཇིགས་པ་མི་འབྱུང་། མཚོན་གྱི་
འཇིགས་པ་
མི་འབྱུང་[༡༢]། དགྲའི་འཇིགས་པ་མི་འབྱུང་། དབུལ་བའི་འཇིགས་
---་།20

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*