www.dharmabook.ru tibetan OCR


ནག་པོ་ཆེན་པོ་ཞིས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།
ཕེཾ་གྱི་[༡]སྒྲ་ཆེན་པོ་སྒྲོགས་པ[༢]། གད་མོ་ཆེན་པོ་རྒྱུན་མི་འཆད་པར་འབྱུང་བའི་ལྷ་
མཆོག་ཏུ་
དགའ་བའི་རང་བཞིན་ཅན་གྱི༐ཀཱི་ལི་ཀཱི་ལའི་[༢]སྒྲ་ད་ང་ལྡན་པ། འཇིག་
རྟེན་པ་རབ་ཏུ་
ཞི་བའི་དོན་དུ་འགྲོ་བ་འདི་རྣམས་དགའ་བ་ཆེན་པོའི་རིམ་པའི་་་་་་་
མགོ
ན་པོ་ནི༐ཧི་ལི་ཀཱི་[༤]ལིའི་སྔགས་ཀྱི་ཕྲེང་བ་དང་ལྡན་པའོ། བུད་དྷའི་བསྟན་པ་
དང་ལྡན་པ།
ཕྱག་བཞི་པ་བཞེངས་པ་བཤད་པ་ནི་བཅོམ་ལྡན་འད་ས་ཀྱིས་་་་་
དངོས་གྲུབ་ཐམས་ཅད་ཀྱི་དོན་དང་། བགེགས་ཉེ་བར་ཞི་བར་བྱེད་པ་ལ་ཞལ་
གཅིག་[༦]
ཕྱག་བཞི་པ། སྐུ་མདོག་ནག་པོ། མཆེ་བ་རྣམ་པར་གཙིགས་[༧]ཤིང་
འཇིགས་པར་བྱེད་པ། ལྟོ་འཕྱང་བ། དབུ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། ཨག་
ཚོམ་ཁམ་[༨]སེར། ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། རོའི་གདན་ལ་བཞུགས་པ།
རྒྱབ་སྟག་ལ་སྙེས་[༩]པ། ཧཱུྃ་ལས་བསྐྱེད་[༡༢]པ་ཕྱག་བཞི་པ། གཡས་ན་རྩེ་གསུམ་
དང་ཐོ་བ།
གཡོན་ན་གྲི་གུག་དང་ཐོད་པ། ཕེཾ་གྱི་སྒྲ་འབྱིན་པ། ཕྱོགས་[༡༢]
གཉིས་སུ་
རྣལ་འབྱོར་མ་[༡༨]གཉིས་གནས་པ་བསྒོམ་པར་བྱའོ། བགེགས་ཐམས་
ཅད་ཞི་བར་
བྱ་བའི་དོན་དུ་ཕྱག་དྲུག་པ་བཞེངས་པ་བཤད་པ། གསུམ་པ་མཆོག་
ཏུ་
དགའ་བའི་རང་བཞིན་ཅན། སངས་རྒྱས་ཀྱི་བསྟན་པ་ལ་ཉེ་བར་ཕན་པར་
བྱེད་པ[༡༧]།
སྡིག་པ་ལ་སོགས་པ་ཡོངས་སུ་སྤོང་བ། དང་པོ་སྟོང་པ་ཉིད་ལ་
སོགས་
པ་ཡོངས་སུ་བསྒོམས་ན་ས་རྣལ་འབྱོར་པས་ད་ང་པོར་རྡོ་རྗེ་གུར་གྱི་སྦྱོར་བ་་་་་་་
བ་བྱའོ༑
དེ་དང་དུས་མཉམ་དུ་[༡༨]ཧྲཱིཿའི་ས་བོན་ལས་ལངས་པའི་ལྷའོ། སེང་གེའི་
སྟེང་ན་
གནས་པ། ཞལ་གསུམ་པ། དང་པོ་སྤྲིན་ནག་པོའི་མདོག གཡས་
དཀར་ལ་གཡོན་
ལྗང་བ། མི་བརྟན་[༡༧]པའི་ཡན་ལག་ཅན། མཆེ་བ་གཙིགས་[༡༧]
ཤིང་འཇིགས་པ།
སྐྲ་དམར་པོ་གྱེན་དུ་བརྗེས་པ། སྤྱན་གསུམ་པ། ཀླུ་བརྒྱད་
ཀྱིས་བརྒྱན་པ།
གཡས་ན་གྲི་གུག་ཐོ་བ་ཌཱ་[༢༢]མ་རུ། གཡོན་ན་ཐོད་པ་རྩེ་གསུམ་
---69

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*