|
༢༨༦ བཀའ་འགྱུར། རྒྱུད་འབུམ། ཀི ༨༡ བཞིན་ཏེ། །རྡོ་རྗེ་སེམས་དཔའ་སངས་རྒྱས་འབྱོར་པ་བསྐྱེད་[༡]མཛད་པའོ། ། རྗེས་སུ་འཛིན་པས་བསྒོམ་པའི་[༢]སེམས་དང་ནི། །ཡི་གེ་ཧཱུྃ་གིས་ཀྱང་ནི་དེ་འགྲུབ་ འགྱུར༑ །བརླ་དང་རྐང་པ་དག་ཏུ་རྣམ་རྟོག་པའི། །རྨོངས་པ་ཡིད་ལ་བྱ་བ་མ་ ཡིན་ནོ། །འཇིག་རྟེན་གསུམ་གྱི་འཁོར་ལོ་འདི་ཉིད་ནི། །རྡོ་རྗེའི་འོད་ཟེར་གྱིས་ ནི་ཡང་དག་བཅིངས། །སྔགས་པས་ནམ་མཁའི་ཁམས་སུ་ཁྲོ་བོའི་ལྷ། །བྱེ་བ་ སྟོང་ཕྲག་དག་ནི་སྤྲོ་བྱ་སྟེ། །གཅིག་པའི་ངོ་བོར་གྱུར་པའི་རྡོ་རྗེར་ྗེར་ནི། །སླར་ ཡང་ངེས་པར་བསྡུ་བར་བྱ་བ་ཡིན། །བྱང་ཆུབ་ཐེག་པ་སེམས་ཀྱི་རང་བཞིན་ཏེ།། བྱང་ཆུབ་ཀྱང་ནི་སེམས་ཀྱི་རང་བཞིན་ནོ། །༐གཉིས་ཀ་[༢]རང་བཞིན་སེམས་ཀྱི་ ཐེག་པ་སྟེ། །སེམས་ཀྱང་[༤]མཁའ་དང་མཉམ་པའི་རང་བཞིན་ན་ནོ། །རྒྱུད་གཞན་ དང་ཐུན་མོང་བའི་ལེའུ་[༥]སྟེ་ལྔ་པའོ།། །། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་རྫོགས་སྟོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ༐ཏཱཀྵ་ཀ་ག་ཎ་[༦]དང་། ༐ལོ་ཅཱ་[༧]བ་མང་འོར་དགེ་ སློང་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ[༨]།། །།[༩] ---་286 * * * * * * * * * * * * * * * * * * * * * * * * * |