|
༣ ༨ བཀའ་འགྱུར། རྒྱུད་འབུམ། ཀི ༨༡ སྲེག་[༡]པ་ལྟར་བསམས་ལ། །སླར་ཡང་རབ་ཏུ་བསྡུ་བར་བྱ། །སྤྲོ་བ་དག་ཀྱང་ སླར་བྱའོ། །རིན་ཆེན་ཡིད་བཞིན་ནོར་བུའི་འི་འོད། །ཆོས་ཀྱི་སྤྲིན་ནི་བསྒོམས་ ནས་ཀྱང་། །དབང་བསྐུར་[༢]བ་ནི་ཡང་དག་བྱ། །རྡོ་རྗེའི་[༢]བསམ་གཏན་འདི་ ཡིས་ནི། །ད་གང་དཀའ་བ་ཡང་རབ་ཏུ་འགེངས། །སྦྱིན་པའི་རྡོ་རྗེ་རབ་སྣང་ བྱེད༑ །ཡིད་བཞིན་ནོར་བུ་ད་པལ་ལྡན་འགྱུར། །དེར་ནི་སངས་རྒྱས་ཆོས་ཆེན་ དང་༑ །རྡོ་རྗེ་སེམས་ད་པའི་སྤྲིན་སྤྲོ་བྱ། །བསྐལ་པ་གྲངས་མེད་གསུམ་ཡང་ གནས༑ །སངས་རྒྱས་ཀུན་གྱིས་བྱིན་གྱིས་ཟློ་བ། །འདི་དེ་སངས་རྒྱས་ཐམས་ཅད་ ཀྱི༑ །སྐྱོན་མེད་སྐུ་ཡི་གསང་བའོ། །ནད་ཐམས་ཅད་མེད་པར་བྱེད་པ་རྡོ་རྗེ་ འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་ལས་བྱུང་ད་མ་བ་ཅས་པ།། གནས་གང་དུ་ནི་བརྩམ་པར་བྱ། །འདི་ཡིས་བསམ་གཏན་སྦྱོར་བ་ཡིས། ། གནས་ན་སངས་རྒྱས་བྱིན་གྱིས་ཟློ་བ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་ བུར་རབ་བསྒོམས་ལ། །ཕྱོགས་བཅུའི་དཀྱིལ་འཁོར་མཆོག་རྣམས་ལ། །མེ་སྟག་ འབར་བ་འདྲ་བས་གད་བ། །ཅེས་ཀྱང་གསུངས་སོ། །འགྲོ་བ་འདུལ་བ་ཞི་བ་ རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མ་མཁའི་དབྱིངས་ཀྱི་དབུས་གནས་པའི།། ཞི་བའི་དཀྱིལ་འཁོར་དམ་པ་བསམ། །རྣམ་པར་སྣང་མཛད་གཟུགས་བསམས་ ནས༑ །རང་གི་ཐུགས་ཀར་ དོན་གཉེར་བཞག[༦] །མཁའ་དབྱིངས་སྤྱན་གྱི་ མཆོག་རྣམས་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །བསྡུས་ནས་འོད་ཀྱི་ གོང་བུ་ཡིས། །ནད་པ་ལ་ནི་ཕབ་ན་ས་སུ། །སྤུ་ཁུང་རྩེ་བར་ནས་སངས་རྒྱས། ། སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་[༧]སྤྲོ། །སངས་རྒྱས་སྤྲིན་རྣམས༐དེ་ཡི་[༨]ཚེ། ། དེ་ལ་དབང་བསྐུར་རབ་ཏུ་སྩོལ[༩]། །དམ་ཚིག་རྡོ་རྗེ་ན་ད་པ་ཡིས། །སྐད་ཅིག་ གིས་ནི་དཔལ་ལྡན་འགྱུར། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་ ---་348 * * * * * * * * * * * * * * * * * * * * * * * * * |