|
༤བ བཀའ་འགྱུར། རྒྱུད་འབུམ། ཀི ༨༡ ཻ -- -- -- -- -------- -- -- -- -- བདག་པོས་རང་སངས་རྒྱས་ཀྱི་དོན་གྱི་དམ་ཚིག་འདི་ཉིད་ཀྱི་སྐྲུ་གསུང་ཐུགས་རྡོ་རྗེ་ ལས་ཕྱུང་ངོ་། །སྟོན་པ་ལུས་ཀྱིས་དེ་རྣམས་ནི། །རྡོ་རྗེ་སྐུ་ལ་རབ་ཏུ་གནས། ། སེམས་ཅན་འཇུག་པའི་ངང་ཚུལ་ཏེ། །མཆོག་ཏུ་རྟག་པའི་དམ་ཚིག་གོ། །དེ་ ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཉན་ཐོས་ཀྱི་ བསླབ་པའི་ད་མ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དགེ་བ་ ༐བཅུ་ཡི་[༡]ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པ་རྣམས། །དམན་པར་མོས་པ་ ཐམས་ཅད་ཀྱི། །དམ་ཚིག་དེ་ནི་རྨད་བྱུང་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བད་ག་པོས་ཚངས་པའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཏི་མུག་ལམ་གྱིས་[༢]ལས་གང་རྣམས། །བྱེད་པ་ འཇིགས་ཤིང་མི་སྡུག་པ། །སངས་རྒྱས་བྱང་ཆུབ་སྟོན་པ་སྟེ། །སྐུ་ཡི་རྡོ་རྗེ་ཉིད་ དུ་འགྱུར། །དེ་ན་ས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ དྲག་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁམས་་་་ གསུམ་པར་ནི་གན་ས་པ་ཡི། །བུད་མེད་རྡོ་རྗེ་ལས་བྱུང་ཀུན། །སྣ་ཚོགས་དངོས་ པོས་སྤྱད་པ་ནི། །ད་མ་ཚིག་མཆོག་ཏུ་རྨད་བྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཁྱབ་འཇུག་གི་ད་མ་ཚིག་འདི་ཉིད་ཀྱི་ སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་སྐྱེས་པ་ཇི་སྙེད་པ། །སྐྲུ་ གསུམ་དབྱེར་མེད་ལ་གནས་རྣམས། །བསམ་གཏན་རྡོ་རྗེས༐གསད་པར་[༢]བྱ། ། རྡོ་རྗེ་མཁའ་ཁམས་བད་ག་ཉིད་ཀྱང་། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་གསུམ་གྱི་དམ་ཚིག་གི་རྡོ་རྗེ་འདི་ཉིད་ཀྱི་སྐུ་་་་་ གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་་ རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་ ---་404 * * * * * * * * * * * * * * * * * * * * * * * * * |