www.dharmabook.ru tibetan OCR


དཔལ་གསང་བ་འདུས་པ་ཞིས་བྱ་བ་རྒྱུད་ཀྱི་རྐྱལ་པོ་ཆེན་པོ།
-- -- -- -- -- -- -- -- -- -- -- -- -- -- -- -- -- --
བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་དཔལ་དང་། དེ་བཞིན་
གཤེགས་པ་ཚེ་དཔག་ཏུ་མེད་པ་དང་།
དེ་བཞིན་གཤེགས་པ་གདོན་མི་ཟ་བར་
གྲུབ་པ་དང་།
དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས། དེ་བཞིན་
གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ
འི་ཐུགས་ལ་ཞུགས་སོ། དེ་ནས་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ།
དེ་བཞིན་གཤེགས་པ་་་་
ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་སོ།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་
སྙོམས་པར་ཞུགས་མ་ཐག་ཏུ།
དེ་ནས་ན་མ་མཁའི་དབྱིངས་འདི་ཐམས་ཅད་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ།
དེ་ནས་
ནམ་མཁའི་ད་བྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་་་་་་་
ཐམས་ཅད་རྡོ་རྗེ་སེམས་དཔའི་[༡]བྱིན་གྱིས་བརླཱ་
བས་ཀྱིས། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བདེ་བ་དང་།
ཡིད་བདེ་བ་ཐོབ་པར་གྱུར་ཏོ། དེ་ནས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ།
དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སྐྲུ་
དང་། གསུང་ད་ང་། ཐུགས་རྡོ་རྗེ་དམ་ཚིག་འབྱུང་བ་རྡོ་རྗེ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཆེན་པོའི་སྐྱེས་
བུའི་
གཟུགས་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་་་་་
བརླབས་ཀྱིས་བྱིན་གྱིས་
བརླབས་སོ། བྱིན་གྱིས་བརླབས་མ་ཐག་ཏུ། བཅོམ་
ལྡན་འདས་བྱང་ཆུབ་ཀྱི་སེམས་
རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པ་ལྟ་
བུར༑
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། དེ་ན་ས་དེ་
བཞིན་གཤེགས་པ་མི་བསྐྱོད་པ་
ལ་སོགས་པ། བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ཀྱི་
ཐུགས་ཀ་[༢]ནས་བྱུང་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ད་དོ།
--- 45

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*