www.dharmabook.ru tibetan OCR


དཔལ་གསང་བ་འདུས་པ་ཞིས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།
-- -- -- ----
བསྒོམས་ན་ད་ངོས་གྲུབ་ཐོབ་པར་འགྱུར། དུས་བཞི་དག་ཏུ་རབ་སྦྱོར་བས།
བློ་ད་ང་ལྡན་པས་གནས་ལྔར་ནི། ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། བསྒོམས་ན་སྡོམ་པ་
ཡིན་པར་བཤད།
ཞག་བདུན་དང་ནི་ཟླ་ཕྱེད་དང་། ཟླཱ་གཅིག་ཟླ་བ་ཕྱེད་དང་
གཉིས༑
རྡོ་རྗེ་ད་མ་ཚིག་བསྒྲུབ་ན་ནི། ད་ངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།
ཞག་གྲངས་བྱེ་བྲག་རབ་བསྐུལ་བ། ང་ཡིས་རྒྱས་པར་རབ་ཏུ་བསྟན། གསང་
བ་མཆོག་ལས་
བྱུང་བ་ལ། ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས། དེ་ལ་འདི་ནི་
ཉེ་བར་སྒྲུབ་པའི་སྡོམ་པའི་ཡུལ་ལ་ལོ། སངས་རྒྱས་སྐུ་འཛིན་དཔལ་དང་ལྡན་།
རྡོ་རྗེ་མི་ཕྱེད་གསུམ་འབྱེད་པ། བྱིན་གྱིས་བརླ་བས་ཀྱི་གནས་བྱས་ཏེ། རྡོ་རྗེ་སྐུ་
དང་
ལྡན་པར་བྱ། མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། ཕྱོགས་བཅུར་བཞུགས་
པའི་སངས་རྒྱས་རྣམས།
དེ་ལ་སྐུ་ཡིས་མཚན་པ་ཡི། བྱིན་གྱིས་བརླབས་ཀྱིས་
གནས་མཛད་དོ། དེ་ལ་འདི་ནི་སྒྲུབ་པའི་སྡོམ་པའི་[༡]ཡུལ་ལོ། ཆོས་ཀྱི་གསུང་
ལམ་ད་པལ་དང་ལྡན།
རྡོ་རྗེ་མི་ཕྱེད་གསུམ་འབྱེད་པ། བྱིན་གྱིས་བརླབས་ཀྱི་
གནས་བྱས་ཏེ། རྡོ་རྗེ་གསུང་ད་ང་ལྡན་པར་བྱ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་
པས།
ཕྱོགས་བཅུ་ན་བཞུགས་སངས་རྒྱས་རྣམས། དེ་ལ་གསུང་ལས་བྱུང་བ་
ཡི༑
བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ། དེ་ལ་འདི་ནི་སྒྲུབ་པ་ཆེན་པོའི་
སྡོམ་པ
འི་ཡུལ་ལོ། རྡོ་རྗེའི་ཐུགས་འཛིན་དཔལ་དང་ལྡན། རྡོ་རྗེ་མི་[༢]ཕྱེད་
གསུམ་
འབྱེད་པ། བྱིན་གྱིས་བརླབས་ཀྱིས་གན་ས་བྱས་ཏེ། རྡོ་རྗེ་ཐུགས་དང་
ལྡན་པར་བྱ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། ཕྱོགས་བཅུ་ན་བཞུགས་
སངས་རྒྱས་རྣམས། དེ་ལ་ཐུགས་ལས་བྱུང་བ་ཡིས། བྱིན་གྱིས་བརླ་བས་ཀྱིས་
གནས་མཛད་དོ། སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། ཡང་ན་ཆོས་ཀྱི་
སེམས་ེམས་དཔ
འང་རུང་། རྨོངས་པས་འདའ་བར་བྱེད་ན་ནི། ཚལ་པར་འགས་
---493

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*