བཀའ་འགྱུར། ཁྲི་པ། ཀི

རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། དེ་
བཞིན་དུ་སྦྱར་ཏེ།
ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་་་་་
པའོ༑
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་རིག་པར་་
བྱ་སྟེ།
ཇི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་དང་བྲལ་བ་དེ་བཞིན་དུ་ཚོར་
བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་་་་་་་
རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་ན་ས།
དེ་བཞིན་དུ་སྦྱར་ཏེ། ཡང་
དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བ།
མཚན་
ཉིད་ཀྱང་རང་བཞིན་དང་བྲལ་བ་ཡིན་ལ། རང་བཞིན་ཡང་མཚན་ཉིད་དང་
བྲལ་བར་རིག་པར་བྱའོ།
དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུས།
ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ཚེ་དང་་་་་་་
ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་་་་་་་
འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
ངེས་པར་འབྱུང་བར་འགྱུར་
རམ༑
སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། ཇི་སྐད་
སྨྲས་པ་དེ་བཞིན་ཏེ།
བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་གང་བསླབ་་
པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
ངེས་པར་འབྱུང་བར་
འགྱུར་རོ།
དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་་་་
ཅད་ནི་
མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ། སྨྲས་པ། ཚེ་དང་
ལྡན་པ་ར་བ་འབྱོར་ཅིའི་ཕྱིར་
ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་འབྱུང་བ་མེད་
པ་ཡིན།
སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་
སྟོང་སྟེ།
དེ་ལ་ནི་སྐྱེས་པ་ཡང་མེད་ཅིང་འབྱུང་[༢]བ་ཡང་ད་མིགས་སུ་མེད་དོ།
དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་་
32----7


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*