མ་ཡིན། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
བར་ནི་ཁམས་
གསུམ་ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་ཡང་གནས་
པ་མ་ཡིན་པའི་ཕྱིར་རོ། དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་
སྟོང་ཞིང་།
དེ་ལྟར་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་ཀྱི་བར་ནི།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་
ཕྱིར་རོ།
དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་
འདོད་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་ངེས་པར་འབྱུང་་་་་་་
བར་འདོད་དུ་ཟད་དོ།
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་
བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་
ཁམས་གསུམ་ནས་ངེས་པར་འབྱུང་བ་མ་ཡིན་
ཞིང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པ་མ་ཡིན་པའི་ཕྱིར་རོ།
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་་
བོ་ཉིད་ནི་དྲན་པ་ཉེ་བར་གཞག་པ
འི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། དེ་་་་
བཞིན་དུ་མཚན་ཉིད་མེད་པ
འི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་
ཡིན་པ་དེ་ནི་ཡང་དག་པ
འི་[༡]སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་
དང་།
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་
རྣམས་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངེས་པར་འབྱུང་བར་
འདོད་དུ་ཟད་དོ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་དུ་སྦྱར་ཏེ།
འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཁམས་
གསུམ་
ནས་ངེས་པར་འབྱུང་བ་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་ཡང་གནས་
པ་མ་ཡིན་པའི་ཕྱིར་རོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་
32----1)


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*