བཀའ་འགྱུར། ཁྲི་པ། ཀི
-- -- -- -- --
རོ་སྙམ་དུ་གནས་པར་མི་བྱའོ། ཕྱིར་མི་འོང་བ་ནི་[༡]དེར་ཡོངས་སུ་མྱ་ངན་ལས་
འད་འོ་[༢]སྙམ་དུ་
གནས་པར་མི་བྱའོ། དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཡང་སྲིད་
པ་མེད་དོ་ཞེས་
བྱ་བ་དང་། འདི་ཉིད་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་
འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས༐འདའ་བར་[༢]འགྱུར་རོ་སྙམ་དུ་་་
གནས་པ
ར་མི་བྱའོ། རང་སངས་རྒྱས་ཞེས་བྱ་བར་གནས་པར་མི་བྱའོ། ཡང་
དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་
གནས་པར་མི་བྱའོ། ཉན་ཐོས་ཀྱི་
ས་དང་།
རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་
དཔའི་ས་
ལ་གནས་པར་བྱའོ་སྙམ་དུ་གནས་པར་མི་བྱའོ། དེ་བཞིན་དུ་ལམ་གྱི་་
རྣམ་པ་ཤེས་པ
འི་ཡེ་ཤེས་ལ་གནས་པར་མི་བྱའོ། རྣམ་པ་ཐམས་ཅད་དུ་ཆོས་
ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་
ཉོན་མོངས་པ་དང་། བག་
ཆགས་དང་།
མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱའོ་སྙམ་དུ་དམིགས་པའི་
ཚུལ་གྱིས་གནས་པར་མི་བྱའོ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་སངས་རྒྱས་ཏེ།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་
ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་་་་་
སྙམ་དུ་
གན་ས་པར་མི་བྱའོ། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་རྣམས་བྱས་་
ན་ས་སེམས་
ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་་་་
ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་
བྱའོ་སྙམ་དུ་་
ད་མིགས་པའི་
ཚུལ་གྱིས་གན་ས་པར་མི་བྱའོ། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་་་་
བཞི་
ཤིན་ཏུ་བསྒོམས་[༤]པ་ལ་གནས་ནས། ཏིང་ངེ་འཛིན་ཇི་ལྟ་བུ་ལ་སྙོམས་
པར་ཞུགས་ན་
བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་
བུའི་ཏིང་ངེ་འཛིན་ལ་
སྙོམས་པར་འཇུག་པར་བྱའོ་སྙམ་དུ་གན་ས་པར་མི་བྱའོ།
32----[7


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*