འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཁྱིན་པ་ཁྲི་པ་ཞིས་བྱ་བ་ཟེག་པ་ཆེན་པོའི་མདོ

འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་ད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
ནས༑
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། གསོལ་པ།
བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས།
ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་
འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་་
ཕ་རོལ་ཏུ་ཕྱིན་པ་ལ་
གནས་པ་ནི་ནམ་དུ་ཡང་འདོད་ཆགས་དང་ལྡན་པའི་སེམས་་
མི་སྐྱེད།
ཞེ་སྡང་དང་ལྡན་པའི་སེམས་དང་[༡]། གཏི་མུག་དང་ལྡན་པའི་
སེམས་མི་སྐྱེད།
རྣམ་པར་འཚེ་བ་དང་ལྡན་པ་དང་། སེར་སྣ་དང་ལྡན་པ་
དང་།
འཆལ་[༢]པའི་ཚུལ་ཁྲིམས་དང་ལྡན་པའི་སེམས་མི་སྐྱེད་། གཞན་དུ་
ན་རྒྱུན་
ཁོ་ནར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་[༤]དང་ལྡན་པའི་ཡིད་ལ་བྱེད་པ་
དག་དང་ལྷན་ཅིག་གནས་ལ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ།
རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད་པར་དགེ་བའི་རྩ་བ་དེ་དག་་་་་
ཐམས་ཅད་ཡོངས་སུ་
བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་
ནས༑
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་
བྱེད་དེ།
ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའ་མ། གང་དུ་ཡོངས་སུ་
བསྡོ་བའི་བློ་རྣ
མ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ།
རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས།
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
འཛིན་པ་ཡིན་ནོ།
གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་
32-----ཏྲ་11


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*