བཀའ་འགྱུར། མདོ་སྡེ།

བར་བཟླས་བརྗོད་བྱས་ན་བརྗེད[༡]བྱེད་ལས་ཐར་བར་འགྱུར་རོ། ལུས་སྲུལ་པོས་
ཟིན་པ་རྣམས་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་གིས་བདུག་ག་གོ། དེ་ལ་སོགས་
པའི་
ལས་རྣམས་བྱེད་ད་དེ། ལས་ཐམས་ཅད་བྱེད་པ་ཞེས་བྱའོ། དེ་ནས་དེ་
བཞིན་གཤེགས་པ་འོད་
སྲུང་སྟེང་གི་ནམ་མཁའ་ལ་བཞུགས་ཏེ།སེམས་ཅན་ཐམས་་
ཅད་ལ་ཕན་པའི་དོན་དང་།
ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་
པོ་ཐམས་ཅད་
བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ།
ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ[༢]་ཡ། ན་མཿསཾ[༢]གྷཱ་ཡ། ཨོཾ་ཧ་ར་ཧ་ར་ཧ་ར[༤]།
ཧ་ཧ་ཧ། ན་མཿཀཱ་ཤྲ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ༐སཾ་མྱཀ སཾ་བུད་དྷཱ་[༦]ཡ།
སིབྷྱ་ན་ཏུ[༧]མན་ཏྲ་པ་བཻཿ[༨]སྭཱ་ཧཱ། དེ་ནས[༩]་དེ་བཞིན་གཤེགས་པ་འོད་སྲུང་གིས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་་་་
བཀའ་སྩལ་ཏོ།
ནམ་མཁའི་སྙིང་པོ་སྙིང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་
གང་གཱའི་ཀླུང་སུམ་ཅུ[༡༠]་རྩ་གཉིས་ཀྱི་བྱེ་མ་སྙེད་དག་གིས་གསུངས་པ་སྟེ། ནམ་
མཁའི་སྙིང་པོ་སྙིང་
པོ་འདི་ཁྱོད་ཀྱིས་ཟུང[༡༡]ཤིག ཀུན་ཆུབ་པར་གྱིས་ཤིག
གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཉིན་
མོའམ༑
མཚན་མོ་ལན་གསུམ་གསུམ་བཟླས་རྗོད[༡༢]བྱེད་ན་མདོར་ན་རྨི་ལམ་ན་དེ་
བཞིན་གཤེགས་པ་མཐོང་བ
ར་འགྱུར་རོ། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་
བྱང་
བར་འགྱུར་ཏེ། སྔོན་གྱི་ལས་ནི་མ་གཏོགས་སོ། ལས་ཐམས་ཅད་ལ་ཡང་
སྦྱར་
བར་བྱའོ། མཛེ་དང་ཤ་བཀྲ[༡༨]་ལ་སོགས་པ་ལ་སངས་རྒྱས་ལ་ཕུལ་བའི་མེ་
ཏོག་ལ་
སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་བསྔགས[༡༧]་ཏེ་བཀླགས ཤིང་
བཀྲུས་ན་
སོས་པར་འགྱུར་ར་རོ། ཀླད[༡༧]་པ་ན་བ་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་
སངས་རྒྱས་
ཀྱི་སྤྱན་སྔར་བཞག་སྟེ། སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་
6 ---4


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*