བཀའ་འགྱུར། མདོ་སྡེ། ཀི

སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་དང་། རྒྱལ་པོ་དང་།
ཆོམ་རྐུན་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ཆ་ལས་འཇིགས་པ་
མི་འབྱུང་བ
ར་ཤེས་པར་བྱའོ། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་
ཆེན་པོ་ལ་ཡང་དག་པར་ཞུགས་པ་
གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་
མཚན་བརྗོད་དེ།
ནུབ་མོ་སྲོད་ལ་ཉལ་ན་དེ་བདེ་བར་གཉིད་ཀྱིས་ལོག་པར་འགྱུར། བདེ་བར་སད་
པར་འགྱུར་
ཞིང་སྡིག་པ་ཅན་གྱི་རྨི་ལམ་རྨི་བར་མི་འགྱུར་ཏེ། དེ་གཉིད་ཀྱིས་ལོག་
པ་ན་ཡང་ལྷ་རྣམས་བསྲུང་བར་འགྱུར་ར་རོ། ཤཱ་རིའི་བུ་རིགས་ཀྱི་བུ་འམ།
རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག་གིས་དེ་་
བཞིན་གཤེགས་པ[༢]
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་
མཚན་བརྗོད་ནས་མཚན་མོ་ཐོ་རངས་འཇིག་རྟེན་པའི་བྱ་བ་རྣམས་རྩོལ་ན་འཕེལ་
བ་ཉིད་དུ་འགྱུར་
གྱི་འགྲིབ་པར་མི་འགྱུར་རོ། ཤཱ་རིའི་བུ་རིགས་ཀྱི་བུ་འམ།
རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་ལ་ལ་ཞིག དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ག་གི་
མཚན་ཐོས་ནས་ལེན་ཅིང་འཛིན་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། འཇུག་པར་
བྱེད་ཅིང་གཞན་
དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་འདི་ནས་
བཟུང་སྟེ།
བྱང་ཆུབ་ཀྱི་བར་དུ་ནམ་ཡང་མངོན་པར་ཤེས་པ་དང་བྲལ་བར་མི་
འགྱུར༑
ནམ་ཡང་གཟུངས་དང་བྲལ་བར་མི་འགྱུར། ནམ་ཡང་དབང་པོ་མ་
ཚང་བར་མི་འགྱུར།
ནམ་ཡང་མཚན་དང་བྲལ་བར་མི་འགྱུར། ནམ་ཡང་ཤེས་
རབ་
ཤིན་ཏུ་རྒྱས་པ་དང་བྲལ་བར་མི་འགྱུར། ནམ་ཡང་སངས་རྒྱས་དང་།
བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་བྲལ་བར་
6་ཅ---146


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*