བཀའའགྱུར། མདོ་སྡེ།

ནི་འབྱེད་[༡]པར་འགྱུར། སྡིག་པའི་མཚན་ཉིད་བསལ[༢]་བ་ཡིས། འཆི་དང་སྐྱེ་
བ་རྣ
མ[༢]་ཤེས་ཤིང་། ལས་འབྲས་དེ་ཉིད་ཤེས་པ་ནི། འཆི་བ་མེད་པའི་གནས་
འཐོབ་བ་བོ།
གང་དག་དབང་པོ་ཀུན་འཛིན་པ། འབྱུང་པོ་ཀུན་ལ་ཕན་པར་
དགའ༑
ད་བང་པོ་བདེ་ཞིང་ཞི་ལ་དུལ། དེ་ལྟ་བུ་ནི་དགེ་སློང་ཡིན། ཇི་ལྟར་
དབང་པོ་
དྲུག[༤]་ལ་གནས། འདོད་ཆགས་དགྲ་ནི་ཟློག[༥]་པར་བྱེད། དཔའ་བོ་
ཤེས་
རབ་བྱེད[༦]ལྡན་གང་། དེ་ནི་ཞི་བའི་གནས་འཐོབ་བ་བོ། དགོན་པར་
གནས་ལ་
དགའ་བྱེད་ཅིང་། མཉམ་གཞག་ས་ལ་གནས་པ་ནི། མཁའ་[༧]སྤྲིན་
རླུང་གིས་གཏོར་བ་ལྟར། སྡིག་པའི་ཆོས་རྣམས་འཇིག[༨]་པར་བྱེད། ལུས་ངག་
ལས་
ཀྱི་མཐའ་དགེ་ཞིང་། སྦྱོད་པ་དགེ་ལ་ཡང་དག་དགའ། དེ་ཉིད་ལྟ་ཞིང་
བྱ་བ་མཁས། བདུད་ཀྱིས་བསྒྲུབས[༩]་པ་འཇིག[༡༠]་པར་བྱེད། འདོད་ཆགས་ལ་
སོགས་མི་
གནོད་ཅིང་། དགེ་བའི་སེམས་ལ་བརྐམ་ཆགས་མེད་། བྱམས་དང་
སྙིང་རྗེ་
མང་བ་ནི། དགེ་སློང་ངེས་པར་འབྱུང་ལ་གནས། གང་དག་ཡུལ་གྱི[༡༧]
འཆིང་བའི་རྒྱུ། གཟུགས་ལ་སོགས་པ་མི་འདོད་པ། དེ་ནི་ཞི་བ་མཆོག་འགྲོ་
ཞིང་༑
གང་དུ་སོང་བར་ཉོན་མི་མོངས། དེ་ནས་གཞན་ཡང་ཅི་དགེ་སློང་འདི་
དང་[༡༨]ཡིད་
ཀྱི་དཔྱོད་[༡༨]པ་བཅྭ་བརྒྱད་ཀྱི་དང་པོའི་ས་ལས་ས་གཞན་གཉིས་པ་ལ་་་
འདུ
ག[༢༢]པ་ནི། ཁམས་དྲུག་གི་དེ་ཉིད་ཤེས་པའི་ས་ལ་ཅི་ད་ལྟར་ཆོས་རྗེས་སུ་དྲན་
པའི་
ས་ལ་འཇུག་གམ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་
སུ་ལྟ་ཞིང་གནས་
པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་
བརྟགས་ན།
ས་གཞན་གསུམ་པ་ལ་འཇུག་གོ། དགེ་སློང་དེ་ཉིད་མཐོང་བ་
དེའི་
ས་གཞན་གང་ཞེ་ན། སེམས་ཕན་ཚུན་དུ་འགྱུར་བ་ནི་ས་གཞན་ཡིན་ཏེ།
དེ་བདེ་བ་སྐྱེས་པ་རྣམ་པར་ཤེས་ཤིང་སྡུག་བསྔལ་སྐྱེས་པ་རྣམ་པར་ཤེས། ཡིད་
6а----3()6


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*