པ་དེས་བདུད་ཀྱི་ཕྱོགས་ནི་དམས་[༡]པར་བྱེད་ཅིང་དམ་པའི་ཆོས་ཀྱི་ཕྱོགས་ནི་་
འཕེལ་བར་བྱེད་
དོ་ཞེས་ས་བླའི་གནོད་སྦྱིན་དག་གིས་ཤེས་ན་ས། བར་སྣང་ལ་
སྤྱོད་པའི་གནོད་སྦྱིན་དག་
ལ་[༢]མངོན་པར་བསྙད་[༢]དོ། དེ་ད་ག་གིས་ཀྱང་རྒྱལ་པོ་
ཆེན་པོ་བཞི་ལ་
མངོན་པར་བསྙད་[༤]དོ། དེ་དག་གིས་ཀྱང་རྒྱལ་ཆེན་བཞི་པ་ནས་
སྔ་མ་བཞིན་དུ་སྦྱར་ཏེ། འཐབ་བྲལ་དང་དགའ་ལྡན་གྱི་ལྷ་དག་གིས་དགའ་ལྡན་
གྱི་གནས་ན་
བྱམས་པ་བཞུགས་པའི་བར་ལ་མངོན་པར་བསྙད་དོ། དེ་ནས་བྱང་
ཆུབ་སེམས་དཔའ་
གཅིག་ཅིག་མཆོག་ཏུ་དགའ་ཆེས་ནས། གཞན་འཕྲུལ་དབང་
བྱེད་ཀྱི་ལྷ་རྣམས་ལ་
མངོན་པར་བསྙད་དེ[༥]། འཛམ་བུའི་གླིང་དུ་རིགས་ཀྱི་བུ་ཆེ་
གེ་མོ་ཞིག་
སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག[༦]་བགོས་པ[༧]ནས་སྔ་མ་བཞིན་
དུ་སྦྱར་ཏེ།
དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡིད་མཆོག་ཏུ་དགའ་
འི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། དེ་ནས་གཞན་ཡང་དགེ་སློང་དེས་གཞན[༨]
ལྔ
་པ་ལ་ཇི་ལྟར་འཇུག[༩]ཅིག་གུ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་
ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་
པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་
མིག་གིས་བརྟགས་ན། སྐྱེ་མཆེད་གཟུགས་ཅན་བཅུ་ལ་རྟོག་པར་བྱེད་དོ། བཅུ་
གང་ཞེ་ན།
འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་།
རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་ད་དང་། དྲིའི་སྐྱེ་
མཆེད་ད་དང་།
ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་ད་དང་། ལུས་ཀྱི་སྐྱེ་མཆེད་
དང་༑
རེག་བྱའི་སྐྱེ་མཆེད་དེ། སྐྱེ་མཆེད[༡༠]་གཟུགས་ཅན་བཅུ་པོ་དེ་དག་ལ་རྟོག་
པར་
བྱེད་དོ། བདག་གི་མིག་གི་སྐྱེ་མཆེད་ལ་ཡང་བརྟེན། གཟུགས་ཀྱི་སྐྱེ་
མཆེད་ལ་
ཡང་བརྟེན་ནས་འདུ་ཤེས་སུ་ཇི་ལྟར་འགྱུར་ཞེ་ན། མིག་ལ་ཡང་བརྟེན་
གཟུགས་ལ་
ཡང་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ།
68---342


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*