དགེ་སློང་དེ་ཉོན་རྨོངས་པ་གསུམ་པོ་དེ་དག་གཞིག་པའི་གཉེན་པོ་གསུམ་ནི་ཉོན་---་་
རྨོངས་པ་དང་ཉེ་བའི་ཉོན་མོངས་པ་
ཐམས་ཅད་ཀྱི་ཀུན་དུ་སྦྱོར་བ་དང་། བག་ལ་
ཉལ་སོ་སོར་
གནས་པ་འཇིག་པར་འགྱུར་བ་ཡིན་ཏེ། དཔེར་ན། ཤིང་ལྗོན་པའི་
རྩ་བ་
བཅད་ན་ཤུན་པ་དང་། རྩ་བ་དང་། འདབ་མ་དང་། ལོ་མ་དང་།
སྡོང་པོ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་དེ་དག་
ཐམས་ཅད་
རུལ་པའམ[༡]། རྙིས་པར་འགྱུར་བ་དེ་བཞིན་དུ་གསུམ་པོ་དེ་དག་
བཅོམ་ན།
ཉོན་རྨོངས་པ་ཐམས་ཅད་བཅོམ་པར་འགྱུར་རོ་སྙམ་རྨོ། དེ་ནས་
གཞན་ཡང་
ཇི་ལྟར་ན་དགེ་སློང་དེ་ས་གཞན་བདུན་པ་ལས་ས་གཞན་བརྒྱད་པ་ལ་་་་
འཇུག་ཅེ་ན།
རྣལ་འབྱོར་སྤྱོད་པ་དེ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་
པ་དེ་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཇི་ལྟར་
ན་དགེ་སློང་
ཐོག་མ་ཉིད་དུ་འདི་ལྟར་མིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་
ཞིང་
ཇི་ལྟར་ན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བྱིས་པ་ས་
སོ
འི་སྐྱེ་བོ་ཀུན་དུ་ཆགས་ཤིང་རྣམ་པར་ཆགས་ལ་ཤིན་ཏུ་རྨོངས་ཤིག་གུ་སྙམ་ན།
དེ་ལ་ཀུན་དུ་ཆགས་པའི་གནས་སུ་འགྱུར་བ་ནི་མཛའ་བཤེས་[༢]མཐོང་བའམ།
གཟུགས་སམ། བུད་མེད་དམ། དེ་ལས་གཞན་པ་མཐོང་ན་ཀུན་དུ་ཆགས་པར་
འགྱུར་རོ། ཞེ་སྡང་གི་གནས་སུ་འགྱུར་བ་ནི་འགྲན་ཟླཱར་གྱུར་པའམ། འགྲན་
ཟླ
འི་གནས་སུ་འགྱུར་བ་དག་ལ་ཞེ་སྡང་བར་འགྱུར་རོ། འདོད་ཆགས་དང་
ཞེ་སྡང་གིས་
བསྒྲིབས་པའི་མིག་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་མི་མཐོང་སྟེ།
གཏི་མུག་གིས་བསྒྲིབས་པའི་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ནི་ཀུན་དུ་རྟོག་པ་ཙམ་
གྱི་མིག་གི་རྣམ་པར་ཤེས་པར་བྱ་བ་ལ་ཀུན་དུ་ཆགས་ཤིང་རྣམ་པར་ཆགས་ལ་ཤིན་
ཏུ་
རྨོངས་སོ། སྲེད་པས་བསླུས་པའི་མི་[༢]ནི་རང་གི་འདོད་པའི་རྣམ་པར་རྟོག་
6а----370


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*